འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་གི་ཟིལ་རླབས་དགུང་དུ་འཕྱུར། བསྐྱར་དར་གྱི་བརྗིད་ཆེའི་སྟོབས་ཤུགས་ཀྱི་ཆུ་བོ་དྲག་ཏུ་རྒྱུག ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་ནས། བོད་ལ་བླ་ན་མེད་པའི་འགན་འཁྲི་གསར་པ་དཀྲིས་གནང་ཡོད། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་འབད་འབུངས་ཡར་བརྩོན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་ལྟ་བྱེད་སྐབས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤོབས་སེམས་ཆེན་པོ་དང་། སྔར་ན་མེད་པའི་ཆོད་སེམས་དང་ཡིད་ཆེས་ཆེན་པོ། སྔར་ན་མེད་པའི་གདེང་ཚོད་དང་སྟོབས་ཤུགས་ཆེན་པོ་བཅས་འཆང་བཞིན་རླུང་བརྟེན་རླབས་གཤགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་དུས་རབས་ཀྱི་ལེའུ་གསར་པ་བརྩམས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱ་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་དགོས།
རླུང་རྟེན་རླབས་གཤགས་ཀྱིས་མདུན་སྐྱོད་བྱས་ཏེ་དུས་རབས་ཀྱི་ལེའུ་གསར་པ་རྩོམ་པར། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་དགོས། ང་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ལམ་བུ་དང་བོད་ཀྱི་འོད་སྟོང་འཕྲོ་བའི་ལོ་བདུན་ཅུའི་ལོ་རྒྱུས་ལམ་བུའི་ཁྲོད་ནས་ཏང་གི་འགོ་ཁྲིད་ནི་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཡིན་པ་དང་། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་གང་ནས་ཡོང་བ་དང་སུ་ཞིག་གིས་མི་རིགས་ཁག་གི་མང་ཚོགས་ལ་འཚོ་བ་ཡག་པོ་སྐྱེལ་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་པ་མྱོང་ཚོར་ཟབ་མོ་ཐུབ་པ་བྱས་ཏེ། ལོ་རྒྱུས་དཔྱད་གཞིར་བཟུང་ནས་གནས་ལུགས་གསལ་རྟོགས་དང་གདེང་ཚོད་ཆེ་རུ་བཏང་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་དང་ཆབ་སྲིད་ཀྱི་རྩ་བའི་སྒྲིག་ལམ་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་ཁ་ཕྱོགས་ཁ་ཕྱོགས་སུ་འཛིན་པ་དང་། ཏང་གི་དར་ཆ་དར་ཆར་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དུས་གང་རུང་དང་གནས་ཚུལ་གང་རུང་འོག་བློ་ཐག་རྦད་བཅད་ཀྱིས་སྲོག་ཤིང་ལ་ཡིད་ཆེས་དང་། ལྷག་བསམ་ཟོལ་མེད། སྲུང་སྐྱོང་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།
རླུང་རྟེན་རླབས་གཤགས་ཀྱིས་མདུན་སྐྱོད་བྱས་ཏེ་དུས་རབས་ཀྱི་ལེའུ་གསར་པ་རྩོམ་པར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་གྱི་རྩ་གནད་དང་བླ་སྲོག་ཡིན་པ་དང་། དེ་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། མཐའ་འཁྱོངས་ཡག་པོ་བྱེད་པ་བཅས་བྱས་ཚེ་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་ཡོད་པ་དང་། དཀའ་ངལ་འཕྲད་སྐབས་ཐག་གཅོད་བྱེད་ཐབས་ཡོད་པ། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་སྐབས་གདེང་ཚོད་ཡོད་པ་བཅས་ཀྱི་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པའི་དཀའ་སྤྱད་འབད་འཐབ་ཀྱི་རྨང་གཞི་བརྟན་པོ་བཅས་ཡོད་པས། བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཚེ་ང་ཚོ་དུས་རབས་གསར་པའི་རྒྱུགས་འབུལ་ལམ་བུར་ཡག་པོ་སྐྱོད་ཐུབ་ངེས་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས།
རླུང་རྟེན་རླབས་གཤགས་ཀྱིས་མདུན་སྐྱོད་བྱས་ཏེ་དུས་རབས་ཀྱི་ལེའུ་གསར་པ་རྩོམ་པར་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་བསམ་བློའི་མཐོ་ས་བརྟན་སྲུང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཏང་འཛུགས་སྐྱོང་ལ་སེམས་ནུས་འདོན་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་གཤིས་ཞུན་བརྡར་ཐད་ལག་ལེན་ནན་བསྟར་དང་། དམངས་ལ་ཞབས་འདེགས་ཞུ་བའི་ཐད་ལག་ལེན་ནན་བསྟར། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལག་ལེན་ནན་བསྟར་བཅས་བྱེད་པའི་ཏང་ཡོན་ལས་བྱེད་པའི་སྤྲོ་སེམས་འཕེལ་བར་བྱེད་དགོས། ང་ཚོས་ཐོག་མའི་བསམ་འདུན་འཆང་བཞིན་མདུན་སྐྱོད་ཀྱི་སྙིང་སྟོབས་ལ་ལྕག་སྐུལ་བྱེད་པ་དང་འགན་འཁྲི་སེམས་ལ་འཆང་བཞིན་འབད་འབུངས་ཡར་བརྩོན་གྱི་བློ་སྟོབས་ལ་སྐུལ་ལྕག་བཏང་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་སྣོན་པ་དང་། རང་རྟོགས་ངང་ལག་ལེན་བསྟར་བ། སྙིང་སྟོབས་དང་དད་སེམས་ལ་བརྟེན་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ། དཀའ་ངལ་དང་། ཉེན་ཁ། འགྲན་སློང་བཅས་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་མུ་མཐུད་སྐྱོད་དགོས།
རླུང་རྟེན་རླབས་གཤགས་ཀྱིས་མདུན་སྐྱོད་བྱས་ཏེ་དུས་རབས་ཀྱི་ལེའུ་གསར་པ་རྩོམ་པར་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གནང་བའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། ཐོག་མཐའ་བར་གསུམ་དུ“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ཏེ་བྱ་བ་གང་ཞིག་བསྒྲུབས་ཀྱང་ཆབ་སྲིད་ཀྱི་ཐོག་ནས་བསམ་བློ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་ལ་བསམ་གཞིག་དང་ཇུས་འགོད་བྱེད་དགོས། ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་སེམས་ལ་བརྟན་པོར་འཆང་བ་དང་། དམ་འཛིན་ནན་པོ་བྱེད་པ། བྱ་སྤྱོད་ཐོག་དོན་འཁྱོལ་བཅས་བྱས་ནས། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ཁྱབ་པ་དང་། “འགན་ལེན་བཞིའི”དུས་རབས་ཀྱི་བརྗོད་གཞི་མངོན་འགྱུར་བྱེད་པའི་ཁྲོད་ཁྱབ་པ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བའི་དངོས་ཡོད་ལག་ལེན་ལ་ཞིབ་དཔྱད་བྱེད་རིང་ཁྱབ་པ་བཅས་བྱས་ཏེ། “བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་བློའི་གོ་རྟོགས་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཐོག་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་གོམ་སྟབས་གསར་པ་སྤོ་བ་དང་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱེད་དགོས།