དབུ་ཤོག>གསར་འགྱུར།
  • “བཅིངས་འགྲོལ་དམག་མི། ཡག་པོ་འདུག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-01

    འདི་ལོའི་ལོ་འགོ་ནས་བཟུང་། བོད་ཀྱི་མི་རིགས་མཐུན་སྒྲིལ་དང་དམག་དམངས་མཐུན་སྒྲིལ་ལས་དོན་ཐད་གཏམ་བཟང་རྒྱུན་ཆད་མེད་པར་གྲགས་འོང་བ་སྟེ། ཟླ་2པར་བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་ལེན་ཤོག་གསུམ་པར“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་སྤྲད་པ་དང་། ཟླ་4ཡི་རྗེས་སུ་ལེན་ཤོག་དེས་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུའུ་ལ“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་སྤྲད་པ་རེད། བོད་དམག་ཁུལ་ཁང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཉམ་དུ་སྐུལ་འདེད་བཏང་བའི“ཐུན་མོང་ལྔ་དང་བརྟན་པོ་ལྔའི”དམག་དཔུང་དང་ས་གནས་མཉམ་སྐྲུན་ཚོད་ལྟའི་གྲོང་ཚོ་ཡིན་པའི་ཁྱུང་གླིང་གྲོང་ཚོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་གཞི་ཁྱོན་རགས་ཙམ་ཆགས་ཡོད།

    “བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་བཅས་མཐའ་འཁྱོངས་བྱེད་དགོས”བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། བོད་སྡོད་དཔུང་སྡེའི་དཔོན་དམག་ཚོས་རང་རེའི་དམག་དཔུང་གི་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་མཐའ་མཚམས་བརྟན་ལྷིང་དང་སྲ་བརྟན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཆབས་ཅིག བརྩེ་སེམས་ཟབ་མོས་ཕ་ཡུལ་གཉིས་པ་བསྐྲུན་བཞིན་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་ཁྱིམ་གཞིས་བསྐྲུན་པ་དང་། འཕེལ་རྒྱས་དོན་གཉེར། མཐའ་མཚམས་སྲུང་བ་བཅས་བྱས་ཡོད།

    “དེང་རབས་ཤེས་དཔལ་གྱི་བརྒྱུད་སྤེལ་བས”བཀྲ་ཤིས་གཏམ་བཟང་བསྒྲགས་པ།

    ཟླ་8ཚེས་11ཉིན་མེ་ཏོག་རྫོང་འབྲས་སྤུངས་ཤང་ལྟེ་བའི་སློབ་ཆུང་དུ་དབྱར་གསེང་མཇུག་འགྲིལ་ནས་སློབ་འགོ་ཚུགས། སློབ་གྲྭ་ཡོངས་ཀྱི་ལོ་རིམ་6ལ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དེ་རྒྱལ་སྲུང་སློབ་གསོའི་སློབ་ཚན་འཚོགས་པ་དང་། སློབ་ཁྲིད་ཀྱི་ནང་དོན་ནི“མེས་རྒྱལ་ངའི་སེམས་ནང་གནས”ཞེས་པ་དེ་ཡིན་ཞིང་། སློབ་ཁྲིད་བྱེད་མཁན་ནི་བོད་དམག་ཁུལ་ཁང་མེ་ཏོག་མཐའ་སྲུང་ཡིང་ཤོག་གི་རིམ་པ་བཞི་པའི་ཅུན་ཧྲི་ཀྲང་ཚའོ་ཧྲི་ཞུའེ་རེད།

    འབྲས་སྤུངས་ཤང་ལྟེ་བའི་སློབ་ཆུང་1976ལོར་བཙུགས་པ་དང་མེ་ཏོག་རྫོང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ་འབའ་ཞིག་དེ་རེད། སློབ་གྲྭ་འཛུགས་དུས་སློབ་གྲྭར་དགེ་རྒན་གཅིག་མ་གཏོགས་མེད། སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་ཆེད། དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་། བོད་སྡོད་དཔུང་སྡེའི་དཔོན་དམག་ཚོས་སྒྲིག་ཁོངས་སུ་མེད་པའི་དགེ་རྒན་གྱི་མིང་ཐོག་ནས་སློབ་ཁྲིད་ནང་ཞུགས། ལོ་20ལྷག་ཙམ་རིང་སློབ་གྲྭ་དེའི་སློབ་མ་2000ཙམ་དམའ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་། སློབ་གྲྭ་དེ་ནས་ཐོན་པའི་སློབ་མ་200ལྷག་ཙམ་སློབ་ཆེན་དུ་རྒྱུགས་འཕྲོད་པ། སློབ་མ་མང་པོ་ཞིག་སློབ་གྲྭ་ཐོན་རྗེས་མེ་ཏོག་ཏུ་ལོག་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐའ་བརྟན་མཐའ་དར་གྱི་སྟོབས་ཤུགས་གསར་པར་གྱུར་ཡོད།

    ན་ནིང“བརྒྱད་གཅིག”གི་སྔ་ནུབ་ཏུ་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་ཡན་ལག་རུ་ཆུང་ལྷ་ས་དགའ་ལྡན་དགོན་དུ་བསྐྱོད་དེ་དགེ་འདུན་པ་200ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པ་རེད། ལོ་མང་རིང་སྨན་ཁང་དེས་དུས་ཆེན་དང་ངལ་གསོའི་དུས་ཚོད་སྤྱད་དེ་མཁོ་ཆོད་སྨན་པ་ལྷ་སའི་ཉེ་འཁོར་རམ་ཡང་ན་ཐག་རིང་ལུང་ཁུག་ས་ཁུལ་གྱི་འབྲོག་ཁུལ་དང་། གྲོང་གསེབ། སློབ་གྲྭ དགོན་སྡེ་བཅས་སུ་སྨན་རིན་མི་དགོས་པར་སྐོར་སྐྱོད་སྨན་བཅོས་བྱེད་པར་བཏང་སྟེ་མང་ཚོགས་ལ་སྨན་བཅོས་བྱས་པ་དང་སྨན་སྤྲད་པ་རེད།

    བོད་དུ་མི་རིགས་ཁག་གི་མང་ཚོགས་ཀྱིས་བཅིངས་འགྲོལ་དམག་ལ་རྒྱུས་མངའ་བྱུང་བ་དེ“གོས་དཀར་གྱོན་པའི་བཅིངས་འགྲོལ་དམག་མི”ངོ་ཤེས་པ་ནས་འགོ་ཚུགས་པ་རེད་ཅེས་ཤོད་རྒྱུན་དེ་འདྲ་ཞིག་ཡོད། 2020ལོའི་བར་བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1ཟིན་ཡོད། འདི་ལོའི་ལོ་འགོར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པའི་ནང་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་དུས་ཡུན་རིང་པོ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དཀའ་ངལ་བཟོ་བའི་ཡུལ་ནད་ཚོད་འཛིན་ནུས་ལྡན་ཐུབ་ཡོད།

    མཛའ་བརྩེ་ཟབ་པས་ཇ་དང་ཚྭ་བཞིན་ཕན་ཚུན་འབྲལ་ཐབས་མེད་པ།

    ན་ནིང་དབྱར་ཁ་བོད་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གི་སྒྱོགས་དམག་ཡིང་ཤོག་ལ་གོས་དར་གཉིས་འབྱོར། གོས་དར་གཅིག་གི་སྟེང“དམག་དམངས་མཐུན་སྒྲིལ་གྱི་ལེའུ་གསར་པ་བརྩམས། སྒེར་སེམས་མེད་པར་ཆང་དཀར་ལ་རོགས་རམ་བྱེད”ཅེས་བྲིས་ཡོད། དེ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཆང་དཀར་གྲོང་ཚོའི་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་བརྟན་རྡོ་རྗེ་དང་གྲོང་མིའི་འཐུས་མིས་ཕུལ་བ་ཞིག་རེད། ཡིང་ཤོག་དེའི་དཔོན་དམག་དང་ཆང་དཀར་གྲོང་ཚོའི་གྲོང་མིས་ཉིན་20ལྷག་ཙམ་བསྟུད་མར་འབད་འཐབ་བྱས་ནས་ཆུ་རྫིང་བསྐྲུན་ཏེ་གྲོང་མིའི་འཐུང་ཆུའི་དཀའ་གནད་བསལ་བ་རེད། ཟླ་བ་གཅིག་སོང་རྗེས་བྲག་ཡིབ་ཆུས་གནས་བཞི་གྲོང་ཚོའི་གྲོང་མི་20ལྷག་ཙམ་ཡིང་ཤོག་དེའི་བཅའ་སྡོད་བྱ་ཡུལ་དུཡོང་ནས“དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། དཀའ་ཉེན་འཕྲད་སྐབས་བརྩེ་སེམས་ཟབ་མོ་མངོན”ཞེས་བྲིས་པའི་གོས་དར་ཞིག་ཕུལ་ནས་ཡིང་ཤོག་དེའི་དཔོན་དམག་ཚོས་གྲོང་མིར་རི་སྟེང་གི་མེ་གསོད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    2017ལོའི་ཟླ་10པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་བ་དེས་ཡུལ་སྨད་ཀྱི་དམག་དམངས་ཚོས་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་པ་དང་དམངས་ཕྱུག་མཐའ་དར་ནང་ཞུགས་པའི་ཧུར་སེམས་ཤུགས་ཆེན་འཕེལ་ཡོད། བོད་དམག་ཁུལ་ཁང་མཐའ་སྲུང་ཐོན་ཤོག་ཅིག་དང་དེའི་ཁོངས་གཏོགས་ཀྱི་ཡིང་ཤོག་དང་ལེན་ཤོག་གིས་ལྷུན་རྩེ་རྫོང་དང་། ཡུལ་སྨད་ཤང་། ཡུལ་སྨད་གྲོང་ཚོ་བཅས་དང་ཆ་སྒྲིག་མཉམ་སྐྲུན་བྱས་ཏེ་མང་ཚོགས་ལ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་ཡོད། 2019ལོར་ཡུལ་སྨད་ཤང་བོད་རང་སྐྱོང་ལྗོངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་དུ་བསྐྲུན་པ་རེད།

    ལོ་70ལྷག་ཙམ་ལ་སླེབས་པའི་ཚེ་རིང་སྟོབས་རྒྱལ་གྱི་ཁྱིམ་ནི་མཐའ་སྲུང་ལེན་ཤོག་ཅིག་གི་པན་ཤོག་དགུ་པ་དང་ཆ་སྒྲིག་དུད་ཚང་རེད། བགྲེས་སོང་ལ་ན་ཚ་མང་བ་དང་མག་པ་ལོ་འཁོར་མོར་ཕྱིར་གླ་པར་སྐྱོད་ཀྱི་ཡོད་པས་ཁྱིམ་དུ་བུ་མོ་གཅིག་དང་ཚ་བོ་གཉིས་ལས་མེད། པན་ཤོག་དགུ་པའི་པན་ཀྲང་མུའུ་ཧྲའོ་ཝུའེ་ཡིས་ཉིན་ལྟར་ཁ་པར་བརྒྱབ་ནས་འཚམས་འདྲི་བྱེད་པ་དང་གཟའ་འཁོར་རེར་པན་ཤོག་དགུ་པའི་འཐབ་འཛིང་པ་ཁྲིད་ནས་བལྟ་བར་འགྲོ་གི་ཡོད། ད་ཆ་གངས་ཆེན་པོ་འབབ་རིམ་བཞིན་བགྲེས་སོང་ཁོང་གིས་པན་ཤོག་དགུ་པར་ཁ་པར་བརྒྱབ་ནས“རང་གི་བུ་ཕྲུག་དང་འདྲ་བའི་དམག་མི”དེ་དག་ལ་སྐོར་གཡེང་བྱེད་སྐབས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་མངགས་བཅོལ་བྱེད་ཀྱི་ཡོད།

    བློ་སེམས་གཅིག་མཐུན་གྱིས“གསར་བརྗེའི་མཐའ་མཚམས”མཉམ་དུ་བསྐྲུན་པ།

    གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ལམ་ཐིག་རིང་མོའི་ཐོག“བོད་དམག་ཁུལ་ཁང་གི་མཐའ་སྲུང་རླངས་འཁོར་སྐོར་གཡེང་ལམ་བུ”ཞེས་བརྐོས་པའི་རྡོ་རིང་ཞིག་ཡོད་པ་དེའི་འོག་ཏུ“བོད་རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང”ཞེས་འཁོད་ཡོད། རང་སྐྱོང་ལྗོངས་གཞུང་ལམ་ཅུས་ལྷ་ས་ནས་ཉིང་ཁྲིའི་བར་གྱི་གཞུང་ལམ་བདག་སྐྱོང་ས་ཚིགས་ཀྱི་བཟོ་པ་ཝང་ཏིང་ཧྲན་གྱིས། ངས་བོད་ཀྱི་མཐའ་སྲུང་གཞུང་ལམ་དེ་ལྟ་བུ་མང་པོ་བསྐྲུན་པའི་ནང་ཞུགས་མྱོང་ཡོད། ཉིང་ཁྲི་ནས་གཞིས་རྩེར་གཞུང་ལམ་བཟོ་བར་བསྐྱོད་པ་དང་ལྷོ་ཁ་ནས་ནག་ཆུར་གཞུང་ལམ་བཟོ་བར་བསྐྱོད་དོན་ནི་མཐའ་སྲུང་དཔོན་དམག་ཚོའི་སྐོར་གཡེང་ལ་སྟབས་བདེ་བསྐྲུན་ཆེད་རེད་ཅེས་བརྗོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་མཐའ་སྲུང་གཞུང་ལམ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པས་མཐའ་སྲུང་ཚང་མར་མཁྲེགས་གྱུར་ལམ་བུ་ཤར་གཏོང་ཐུབ་པ་དང་། ཆ་རྐྱེན་འཛོམས་པའི་མཐའ་སྲུང་རུ་ཤོག་དང་། སོ་ལྟ་ཁང་། ལ་ཉག་གལ་ཆེན། སྦྱོང་བརྡར་ལས་སྒྲུབ་ས་ཚིགས་བཅས་སུ་གཞུང་ལམ་ཤར་གཏོང་ཐུབ་ཡོད།

    ད་ཆ་ལོ་ལྟར་བོད་སྡོད་དཔུང་སྡེས་བཅའ་སྡོད་སྦྱོང་བརྡར་བྱེད་རིང་བཅའ་སྡོད་བྱ་ཡུལ་ཏང་ཨུད་དང་སྲིད་གཞུང་གིས་དཔུང་སྡེའི་སྦྱོང་བརྡར་གྱི་ལམ་བུ་དང་། ཆུ། གློག དྲོད། དྲ་བ། སྨན་བཅོས་སོགས་འགན་ལེན་ལས་དོན་ཡག་པོ་བསྒྲུབས་པ་མ་ཟད། ས་གནས་སྲིད་གཞུང་གིས་ད་དུང་ཡིག་ཆ་བཏོན་ནས་དཔུང་སྡེའི་ཕྱི་སྦྱོང་གི་ས་བཟུང་གྲོན་དངུལ་ཆག་ཡང་དང་རྩ་ཆག་བཏང་ཡོད།

    2018ལོར་བོད་དུ་བཅའ་སྡོད་མཐའ་སྲུང་ཐོན་ཤོག་ཅིག་གིས་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁོངས་གཏོགས་ཀྱི་ས་བབ་སྨི་4000ཡན་ཟིན་པའི་གྲོ་ལ་དང་བྲག་ཉག་སོགས་སོ་ལྟ་ཁང་7ལ་སྐྱེལ་འདྲེན་འབྲེང་ཟམ་5གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་བྱས་པས། དུས་རབས་ཕྱེད་ཀ་ཙམ་རིང་གངས་རིའི་སོ་ལྟ་ཁང་དེ་དག་ཏུ་མི་དང་ཕྱུགས་ཟོག་གིས་དངོས་ཟོག་དབོར་འདྲེན་བྱེད་དགོས་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    2018ལོའི“བརྒྱད་གཅིག”སྐབས་ལོ་62ལ་སླེབས་པའི་བདེ་སྐྱིད་དང་། ལོ་57ལ་སླེབས་པའི་ཕུར་ཚེ། ལོ་65ལ་སླེབས་པའི་ཚེ་རིང་ཆོས་སྒྲོན་བཅས་གཞིས་རྩེ་གྲོ་མོ་རྫོང་གྲོ་མོ་སྨད་ཤང་རིན་ཆེན་སྒང་གྲོང་ཚོའི་བོད་རིགས་ཨ་མ་གསུམ་གྱིས་སྔོ་ཚལ་སླེ་པོ་གསུམ་ཁུར་ནས་གངས་རིའི་འདབས་སུ་བསྐྱོད། འདས་ཟིན་པའི་ལོ་30ལྷག་ཙམ་ནང་ཨ་མ་3པོ་དེ་གར་ཐེངས་མང་ཡོང་ནས་ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཡོད་པའི་བྲག་ཉག་སོ་ལྟ་ཁང་གི་དཔོན་དམག་ཚོར་མ་སྐུལ་དང་བླངས་ངང་ཚལ་སྐྱེལ་གྱི་ཡོད། ད་ཆ་ཁོང་ཚོས་སྔོན་ཆད་ལྟར་གོམ་པ་ཉིན་ཕྱེད་ཙམ་བརྒྱབ་ནས་ས་བབ་མཐོ་བའི་སོ་ལྟ་ཁང་དུ་འཛེགས་དགོས་ཀྱི་མེད།

    མི་རིང་བའི་གོང་ཚེ་རིང་ཆོས་སྒྲོན་གྱིས་གྲོང་མི་ཚོ་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་རེད། ཁོང་གིས“འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས་ང་ཚོས་དེ་བས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་བཅིངས་འགྲོལ་དམག་མི་དང་མཉམ་དུ་མཐའ་མཚམས་ཡག་པོ་སྲུང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡག་པོ་སྲུང་གི་ཡིན”ཞེས་བརྗོད།

    《2021ལོའི་ཟླ་8ཚེས་16ཉིན་གྱི《བཅིངས་འགྲོལ་དམག་ཚགས་པར》པར་ངོས་དང་པོ་ནས་བརྒྱུད་བཀོད་བྱས》

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།