ལྷ་ས་གྲོང་ཁྱེར་གྱི་མི་འབོར་དང་འཁོར་རིགས་ཉིན་རེ་བཞིན་མང་དུ་འགྲོ་བ་དང་སྦྲགས། ལམ་དུམ་ཁག་གཅིག་ཏུ་འཁོར་རིགས་མང་བའི་སྐབས་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཡང་སེ་ཐོན་ནས། ཉེ་འཁོར་གྱི་གྲོང་མི་ཕྱིར་སྐྱོད་པར་འགོག་རྐྱེན་ངེས་ཅན་བཟོ་གི་ཡོད། གནད་དོན་དེ་རིགས་ཞི་ལྷོད་དུ་གཏོང་ཆེད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕེལ་སྒྱུར་ཨུ་ལྷན་གྱིས་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད། པེ་ཅིང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་2666.33བཏང་ནས“སྔོན་བྲེལ་རྗེས་དལ”གྱི་རྩ་དོན་ལྟར་གཞུང་ལམ་སྒྲོལ་བའི་མི་བགྲོད་སྤྲིན་ཟམ་ཁག་གཅིག་བསྐྲུན་རྒྱུ་ཡིན་པ་དེ་དག་ནི།
ཁྱོན་མ་དངུལ་སྒོར་ཁྲི་1416.42གཏོང་བའི་གླིང་སྐོར་བྱང་ལམ་དང་མཐུན་སྒྲིལ་གྲོང་གསར་ལྷོ་ལམ་གྱི་ལམ་མདོའི་མི་བགྲོད་སྤྲིན་ཟམ་དང་། ཁྱོན་མ་དངུལ་སྒོར་ཁྲི་586.98གཏོང་བའི་གླིང་སྐོར་ཤར་ལམ་དང་ཅང་སུའུ་ལམ་གྱི་ལམ་མདོའི་མི་བགྲོད་སྤྲིན་ཟམ། ཁྱོན་མ་དངུལ་སྒོར་ཁྲི་662.93གཏོང་བའི་ཝན་ཏཱ་ཐང་ཆེན་གྱི་མི་བགྲོད་སྤྲིན་ཟམ་བཅས་རེད།
གོང་གསལ་གྱི་རྣམ་གྲངས་འདི་དག་འདི་ལོའི་ཟླ་9པའི་ཟླ་མཇུག་ཏུ་གཅིག་སྡུད་ཐོག་ལས་འགོ་ཚུགས་རྒྱུ་དང་སྔོན་དཔག་བྱས་ན་ལོ་མཇུག་ཏུ་རྩིས་སྤྲད་ནས་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད།
1. གླིང་སྐོར་བྱང་ལམ་དང་མཐུན་སྒྲིལ་གྲོང་གསར་ལྷོ་ལམ་གྱི་ལམ་མདོའི་མི་བགྲོད་སྤྲིན་ཟམ།
2.གླིང་སྐོར་ཤར་ལམ་དང་ཅང་སུའུ་ལམ་གྱི་ལམ་མདོའི་མི་བགྲོད་སྤྲིན་ཟམ།
3.ཝན་ཏཱ་ཐང་ཆེན་གྱི་མི་བགྲོད་སྤྲིན་ཟམ།