དབུ་ཤོག>གསར་འགྱུར།
  • བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་ནས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2021-08-26

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་བྱེད་པར་རྒྱལ་ཁབ་ཀྱི་བདེ་འཇགས་ནི་དོན་ཆེན་ཨང་དང་པོ་ཡིན། ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་སྲ་བརྟན་འགན་ལེན་བྱས་ཏེ་མཛེས་སྡུག་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བདེ་འཇགས་ཀྱི་འགན་ལེན་བརྟན་པོ་དང་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་དགོས།

    བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བར་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ཧ་ཅང་གལ་ཆེའི་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དགོས། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བཞིན་ཡོད་པར་ངོས་འཛིན་གང་ལེགས་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་དམིགས་བསལ་གལ་ཆེའི་རང་བཞིན་དེ་གཙོ་བོ་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གིས་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ཁྲོད་དོན་སྙིང་གལ་ཆེན་ལྡན་པར་ངོས་འཛིན་གང་ལེགས། མཐའ་སྐྱོང་བོད་བརྟན་ནི་ཏང་ཀྲུང་དབྱང་གིས་བོད་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱ་རྒྱུ་ནི་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་གང་ལེགས།  རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ནི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་དང་བདེ་སྐྱིད་གནས་ས་ཡིན་པའི་ངོས་འཛིན་གང་ལེགས་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་འཇོག་པ་དང་། འགན་འཁྲི་གལ་ཆེན་བློ་ལ་བརྟན་པོར་འཆང་བ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

    བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བར་ཐུན་མོང་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་དགོས། རྒྱལ་དར་དམངས་བདེ་ནི་མི་དམངས་མང་ཚོགས་ཀྱི་ཆེས་གཞི་རྩ་དང་ཆེས་ཡོངས་ཁྱབ་ཀྱི་རེ་འདུན་ཡིན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་མཐར་གཏུགས་ནས་བརྗོད་ན་མི་དམངས་ཀྱི་ཁེ་ཕན་འགན་ལེན་བྱེད་རྒྱུ་དེ་ཡིན། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས། ཆེད་ལས་དང་མང་ཚོགས་ཟུང་འབྲེལ་དང་མཉམ་འགོག་མཉམ་བཅོས་མཐའ་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་དང་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཏན་ཏིག་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། བསམ་བློའི་གནད་དོན་ཡང་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སློབ་གསོའི་བྱེད་སྒོ་ཁག་རྒྱུན་མཐུད་ངང་ཡག་པོ་སྤེལ་བ། མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱེད་པ། མང་ཚོགས་ལ་དམ་པོར་བརྟེན་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། ཀུན་སེམས་གཅིག་སྒྲིལ་གྱིས་བརྟན་ལྷིང་འགན་ལེན་བཅས་བྱས་ཏེ། བདེ་འཇགས་སྲུང་ཡོལ་བསྐྲུན་པ་དང་ཞི་མཐུན་བརྟན་ལྷིང་འགན་ལེན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བར་དར་ཆ་གསལ་སྟོན་གྱིས་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཀྱི་ལྐོག་གཡོ་ཐེར་འདོན་དགག་རྒྱག་བྱེད་དགོས། བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་པ་དང་། ཏཱ་ལའི་རུ་ཚོགས་ཀྱིས་ཁ་ཕྲལ་དང་། སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་སྤེལ་མཚམས་གཏན་ནས་འཇོག་མྱོང་མེད་པས། རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཡུན་རིང་བ་དང་། རྣོ་ངར་ཆེ་བ། རྙོག་འཛིང་ཆེ་བ་བཅས་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཐད་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་པ་དང་། ཁྱད་ཆོས་གསར་པ། འཕེལ་ཕྱོགས་གསར་པ་བཅས་ལ་ངོས་འཛིན་གཏིང་ཟབ་ཡོང་བ་དང་སྟངས་འཛིན་ཐུབ་པར་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་མ་རུངས་ཁོག་བཅུག་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་རྒྱུན་མཐུད་ཐེར་འདོན་དགག་རྒྱག་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ། ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། རྨང་གཞིའི་རང་བཞིན་གྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས།

    ལོ་རྒྱུས་ཀྱི་འཁོར་ལོ་བར་མཚམས་མེད་པར་མདུན་ནས་མདུན་དུ་འཁོར། མདུན་སྐྱོད་ཀྱི་གོམ་སྟབས་བཀག་ཀྱང་འགོག་མི་ཐུབ། མི་དམངས་ཕྱུག་པོ་ཆགས་པ་དང་། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ། མི་རིགས་བསྐྱར་དར་ཡོང་བ་བཅས་ནི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་འཚོ་བ་སྐྱེལ་བཞིན་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དམ་བཅའ་བརྟན་པོ་ཞིག་རེད། དེས་ན་ཕྱི་རོལ་གྱི་ཕྱོགས་གཏོགས་གང་རུང་ཞིག་ལའང་བོད་ཀྱི་ལས་དོན་ལ་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད་པ་དང་། བོད་ཁ་ཕྲལ་གཏོང་བའི་ལྐོག་གཡོ་དང་གཡོ་ཐབས་མཐའ་དག་མཐའ་མ་ཕམ་རྒྱུ་ཉག་ཅིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།