དབུ་ཤོག
  • དེ་རིང་ནས་ལོ12ནས17བར་གྱི་ཕྲུ་གུར་རིམས་འགོག་སྨན་ཁབ་རྒྱག་གི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-08-25

    ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་གྱུར་བཀོད་སྒྲིག་ལྟར་ཟླ་8ཚེས་25ཉིན་ནས་ཁྲེང་ཀོན་ཆུས་ནང་ཁུལ་གྱི་ལོ་12ནས་17བར་གྱི་ཕྲུ་གུར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུ་རེད་འདུག

    1.སྨན་ཁབ་རྒྱག་ཡུལ།

    རིམས་འགོག་སྨན་ཁབ་རྒྱག་སྐབས་ལོ་12ལ་སླེབས་པ་དང་། ལོ་12ནས་17བར་གྱི་གཟུགས་པོ་ཐང་བའི་མི་ཚོགས།

    2.སྨན་ཁབ་རྒྱག་པའི་དུས་ཚོད།

    ཟླ་8ཚེས་30ཉིན་གྱི་གོང་ལ་སློབ་གྲྭར་འགྲོ་མུས་ཀྱི་ལོ་12ནས་17བར་གྱི་ཚོགས་སྤྱིར་གཅིག་སྡུད་ཐོག་རིམས་འགོག་སྨན་ཁབ་རྒྱག་ཚར་བ་བྱ་རྒྱུ་དང་ཆབས་ཅིག རིམས་འགོག་སྨན་ཁབ་རྒྱག་ཡུལ་ཁག་གིས་སྤྱི་ཚོགས་ཐོག་གི་ལོ་12ནས་17བར་གྱི་མི་ཚོགས་ལ་སྨན་ཁབ་རྒྱག་རྒྱུ།

    3.སྨན་ཁབ་རྒྱག་པའི་གོ་རིམ།

    ལོ་12ནས་ལོ་17བར་གྱི་མི་ཚོགས་ལ“པེ་ཅིང་ཁོའོ་ཤིང་ཀྲུང་ཝུའེ”ཏོག་གསར་ནད་དུག་འགོག་པའི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་མ་ཟད། སྨན་ཁབ་ཐེངས་གཉིས་རྒྱག་དགོས་པ་དང་། རིམས་འགོག་སྨན་ཁབ་དང་པོ་ནས་གཉིས་པའི་བར་ལ་ཉིན་21ཡན་འཇོག་དགོས། ཡག་ཤོས་བྱུང་ན་ཉིན་21ནས་28བར་དུས་ཐོག་ཏུ་རིམས་འགོག་སྨན་ཁབ་གཟེད་དགོས་ཀྱི་ཡོད།

    4.དོ་སྣང་བྱེད་དགོས་པའི་དོན་ཚན།

    1.རིམས་འགོག་སྨན་ཁབ་རྒྱག་སྐབས་ན་སོ་དར་ལ་མ་བབ་པའི་མི་དང་དེའི་ལྟ་སྐྱོང་བའི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ཐེམ་ཐོ་འཁྱེར་དགོས་པ་མ་ཟད། ན་སོ་དར་ལ་མ་བབ་པའི་མིར་སྨན་ཁབ་རྒྱག་པར་ལྟ་སྐྱོང་བའི་མོས་མཐུན་ཐོབ་དགོས།

    2. རིམས་འགོག་སྨན་ཁབ་གཟེད་སྐབས། བདེ་ཐང་ཨང་རྟགས་དང་འགྲུལ་བཞུད་གཱ་སྟོན་དགོས་པ་མ་ཟད། ཁ་རས་ཡག་པོ་རྒྱག་དགོས་ལ། བང་སྒྲིག་སྐབས་བར་ཐག་སྨི་གཅིག་ཙམ་བཞག་ནས་རིམས་འགོག་སྨན་ཁབ་གཟེད་དགོས།

    3. བདེ་ཐང་གི་གནས་ཚུལ་ཇི་མ་ཇི་བཞིན་དུ་ཤོད་དགོས་པ་དང་། རིམས་འགོག་སྨན་ཁབ་གཟེད་ནས་ཁབ་རྒྱག་སར་སྐར་མ་30ལྟ་ཞིབ་ཚར་རྗེས་གཞི་ནས་ལོག་ཆོག

    5.ཁྲེང་ཀོན་ཆུས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ས་དང་འབྲེལ་གཏུག་ཁ་པར།

    微信图片_20210825160844.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།