ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ནས་ཏང་གི་འགོ་ཁྲིད་ནི་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཡིན་པའི་མྱོང་ཚོར་ཟབ་མོ་ཐུབ་པ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡོད་པའི་སྟབས་ཀྱིས། ཀྲུང་གོས་གཞི་ནས་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཀྱི་ངོ་མཚར་བྱས་རྗེས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བྱས་རྗེས་བཏོད་པ་དང་། ཀྲུང་ཧྭ་མི་རིགས་ལ་གཞི་ནས་ཡར་ལངས་དང་ཕྱུག་འགྱུར་ནས་སྟོབས་ཆེན་བར་གྱི་རླབས་ཆེན་འཕུར་མཆོང་བྱུང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་གཞི་ནས་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཏུ་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡོད་པའི་སྟབས་ཀྱིས། བོད་ལ་གཞི་ནས་ཞི་བའི་བཅིངས་འགྲོལ་མངོན་འགྱུར་བྱུང་བ་དང་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་སྐྲོད་བཏང་བས། དར་རྒྱས་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་འགོ་ཚུགས་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་རྦད་དེ་གཏོར་བས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་རླབས་པོ་ཆེ་བྱུང་བ། རང་སྐྱོང་ལྗོངས་དབུ་བརྙེས་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་པ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་ཏེ་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་རྒྱུས་དང་དོན་དངོས་གཉིས་ཀས་ང་ཚོར་བརྗོད་པར། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ལ་འགོ་ཁྲིད་བྱེད་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ནས་བོད་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཡོང་བར་བྱེད་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པས། ངེས་པར་དུ་དེ་ཉིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་ལས་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་།
ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་གང་ནས་བྱུང་བ་དང་སུ་ཞིག་གིས་མི་རིགས་ཁག་གི་མང་ཚོགས་འཚོ་བ་ཡག་པོ་སྐྱེལ་ཆེད་འབད་འཐབ་ལྷོད་མེད་བྱེད་པར་མྱོང་ཚོར་ཟབ་མོ་ཐུབ་པར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་ནི་བོད་མི་དམངས་ཀྱི་མགོན་སྐྱབས་རེད། ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་པས་ཆབ་སྲིད་ཐད་ཡར་ལངས་བྱུང་སྟེ། “མངའ་བདག་ཆེན་པོ་གསུམ”གྱིས་རང་དགར་བྲན་དུ་བཀོལ་བའི་སྐད་ཆ་ཤོད་ཤེས་པ་ཙམ་གྱི་ལག་ཆ་ནས་རང་གི་ལས་དབང་གི་ཁ་ལོ་རང་གིས་སྒྱུར་མཁན་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་བདག་པོར་གྱུར་པ་དང་། དཔལ་འབྱོར་ཐད་ཡར་ལངས་བྱུང་སྟེ། བོད་རྙིང་པར་རྨི་ལམ་དུའང་གཏོང་མྱོང་མེད་པའི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བ། རིག་གནས་ཐད་ཡར་ལངས་བྱུང་སྟེ། བཀས་བཀོད་རྒྱུད་འཛིན་གྱི་ལྷ་དབང་གི་བསམ་པའི་ལྕགས་སྒྲོག་ལས་མཐར་ནས་བསམ་བློར་སྔར་འབྱུང་མྱོང་མེད་པའི་བཅིངས་འགྲོལ་ཐོབ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་དང་ཡར་ལངས་དོན་གཉེར་བྱས་པའི་ལོ་རྒྱུས་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་འབྱོར་ཕྱུག་དོན་གཉེར་བྱས་པའི་ལོ་རྒྱུས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྟན་ལྷིང་དང་འཕེལ་རྒྱས་དོན་གཉེར་བྱས་པའི་ལོ་རྒྱུས་བཅས་རེད། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཁེ་ཕན་དོན་གཉེར་གང་ཐུབ་ཅི་ཐུབ་བྱས་པས། བོད་དུ་ཏང་གི་བླ་ན་མེད་པའི་སྙན་གྲགས་བཏོད་ལ། ཏང་ལ་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་མཐའ་གཅིག་ཏུའང་ཐོབ་ཡོད།
ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ལང་ལོང་རྦ་རླབས་ཁྲོད་ནས་མི་འཇིག་བྲག་རི་མངོན། རི་ཚོགས་མཐོན་པོའི་ཁྲོད་ནས་འགྱིང་གནས་དབུ་རྩེར་ལྟ། “སྲུང་སྐྱོང་གཉིས”ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་ཁ་ཕྱོགས་ཁ་ཕྱོགས་དང་ཏང་གི་དར་ཆ་དར་ཆར་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དམིགས་སར་འཁྱོལ་བར་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གསལ་པོ་ཤེས་པ་དང་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་སྒུལ་ཤུགས་ཆེན་པོ་དང་། བསམ་པའི་སྒུལ་ཤུགས་ཆེན་པོ། ལས་ཀའི་སྒུལ་ཤུགས་ཆེན་པོ་བཅས་སུ་ཏན་ཏིག་འགྱུར་བར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིར་དགའ་གུས་ཞུ་བ་དང་། ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུ་བ། དེ་བཞིན་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང“དོན་ཆེན་བཞིར”དམ་འཛིན་ཡག་པོ། “འགན་ལེན་བཞི”ཧུར་ཐག་བཅས་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་གཏོད་དགོས།
མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆེས་རྩ་བའི་འགན་ལེན་ནི་ཏང་གི་འགོ་ཁྲིད་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་སྐྱོད་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བཅས་བྱས་ནས་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་དང་རྒྱལ་ཁའི་ལེའུ་གསར་པ་ཟམ་མི་ཆད་པར་གཏོད་དགོས།