དབུ་ཤོག
  • ཕྱིས་སུ་སྤྱི་སྤྱོད་རླངས་འཁོར་སྡོད་དུས་དེ་བས་སྟབས་བདེ་ཡོང་བ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-08-24

    ཉིན་ཤས་བསྟུད་མའི་རིང་། ལྷ་ས་གྲོང་ཁུལ་དང་དེ་བཞིན་སྟོད་ལུང་བདེ་ཆེན་ཆུས་དང་། དཔལ་འབྱོར་གསར་སྤེལ་ཁུལ། སྣེའུ་ཁུལ་གསར། བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིངབཅས་ཀྱི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ལ་གཅིག་གྱུར་ཐོག་ཆ་འཕྲིན་ཅན་གྱི་སྒྱུར་བཀོད་བྱས་པས། སྤྱི་སྤྱོད་རླངས་འཁོར་ག་དུས་འབྱོར་མིན་སོགས་ཀྱི་ཆ་འཕྲིན་སྔོན་ནས་ལྟ་ཐུབ་ཀྱི་ཡོད།

    微信图片_20210824111157.jpg

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། རིག་ལྡན་བབས་ཚུགས་སུ་GPSངེས་གནས་དང་གྲངས་གཞི་སྐབས་ཐོག་བརྒྱུད་བསྐུར་སོགས་ཀྱི་ལག་རྩལ་གང་ལེགས་སྤྱད་ཡོད་པས། LEDབརྙན་ཤེལ་བརྒྱུད་ཉིན་དེ་རང་གི་ཚེས་གྲངས་དང་། དུས་ཚོད། འབྲེལ་ཡོད་ལམ་ཐིག་གི་སྤྱི་སྤྱོད་རླངས་འཁོར་གྱི་བར་ཐག་དང་བབས་ཚུགས་དེའི་དབར་གྱི་བར་ཐག་སོགས་ཀྱི་ཆ་འཕྲིན་སྐབས་ཐོག་ཏུ་མཐོང་ཐུབ།

    རིག་ལྡན་བབས་ཚུགས་ལ་བརྒྱུད་ལམ་སྣེ་མང་གི་སྒྲིག་ཆས་བསྒར་ཡོད་པས། སྤྱི་ཕན་དང་ཚོང་ལས་ཀྱི་བརྡ་ཁྱབ་སོགས་གཏོང་ཐུབ་པ་མ་ཟད། ཉིན་དེ་རང་གི་གནམ་གཤིས་སྔོན་བརྡ་སོགས་ཀྱི་ཆ་འཕྲིན་སྐབས་ཐོག་ཏུ་ལྟ་ཐུབ་པས་དམངས་ཕན་ཞབས་ཞུ་མང་པོ་སྒྲུབ་ཐུབ་ཀྱི་ཡོད། ཕྱིས་སུ་ད་དུང་གྲོང་མི་དང་ཡུལ་སྐོར་བས་ལམ་ཐིག་དང་། མཛེས་ལྗོངས་ཁུལ། འགྲུལ་བཞུད་སོགས་ཀྱི་ཆ་འཕྲིན་འདྲི་རྩད་བྱེད་པར་ལན་འདེབས་ཐུབ་ཀྱི་རེད།

    微信图片_20210824111128.jpg

    མིག་སྔར། ལྷ་ས་གྲོང་ཁྱེར་ལ་སྤྱི་སྤྱོད་རླངས་འཁོར་གྱི་བབས་ཚུགས་700ལྷག་ཙམ་ཡོད་ཅིང་། ད་ཐེངས་བབས་ཚུགས་400ཙམ་གསར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་ཡིན་པ་དང་། རྣམ་གྲངས་འདི་བསྐྲུན་རྗེས་རིག་ནུས་ལྡན་པའི་སྤྱི་སྤྱོད་རླངས་འཁོར་གྱི་བབས་ཚུགས་50%ལྷག་ཙམ་ཟིན་རྒྱུ་རེད། ཟླ་8ཚེས་17ཉིན་བར་བབས་ཚུགས་85རིག་ནུས་ཀྱི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་སྒྱུར་བཀོད་ཟིན་པ་དང་། བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་གི་གསར་སྐྲུན་དང་རྒྱས་སྐྲུན་བྱས་པའི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་15ཚང་མ་དངོས་སུ་སྤྱོད་འགོ་ཚུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།