དབུ་ཤོག
  • ཐེར་འདོན་བྱེད་མཁན་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི100སྤྲོད་རྩིས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-08-24

    ཉེ་ཆར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་ནོར་སྲིད་པུས་མཉམ་དུ《ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ཐེར་འདོན་བྱས་ན་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》(གཤམ་དུ《ཐེར་འདོན་བྱས་ན་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》)པར་འགྲེམས་བྱས་པ་དང་འབྲེལ་2021ལོའི་ཟླ་12ཚེས་1ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  

    《ཐེར་འདོན་བྱས་ན་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ནང་བཏོན་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ཞེས་པ་ནི་ཉེས་གསོག་གི་དོགས་པ་ཡོད་པའམ་ཡང་ན་ཁྲིམས་ལྟར་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཚམས་འཇོག་ཏུ་འཇུག་པ་དང་། སྒོ་རྒྱག་ཏུ་འཇུག་པ། ཆོག་འཐུས་ལག་ཁྱེར་རྩིས་མེད(མེད་པར་བཟོ་བ)གཏོང་བ། དངུལ་གྱི་གྲངས་འབོར་ཅུང་ཆེ་བའི་ཆད་གཅོད་དང་གཞུང་བཞེས་གཏོང་བ་སོགས་སྲིད་འཛིན་གྱི་ཆད་པ་བཅད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཟེར། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལམ་ཡང་ན་ས་གནས་སྲིད་གཞུང་གི་སྒྲིག་སྲོལ་ནང་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེ་རིགས་ལ་གཏན་འབེབས་ཞིབ་ཕྲ་བྱས་ཡོད་ན། གཏན་འབེབས་དེ་ལྟར་བྱས་ཆོག 

    གཤམ་གྱི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་དག་ཐེར་འདོན་བྱས་ནས་ཞིབ་བཤེར་གྱིས་བདེན་པ་ཡིན་པ་ར་སྤྲོད་བྱུང་རྗེས། དེར་དེ་མཚུངས་ཀྱི་བྱ་དགའ་སྤྲོད་རྒྱུ་སྟེ། 

    (གཅིག)བཟའ་བཅའ་དང་། སྨན་རྫས། དམིགས་བསལ་གྱི་སྒྲིག་ཆས། བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་དང་།  

    (གཉིས)ས་ཁོངས་རང་བཞིན་དང་རྒྱུད་ཁོངས་རང་བཞིན་གྱི་ཉེན་ཁ་ལྡན་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན།  

    (གསུམ)ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་སུ་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཅུང་ཆེན་པོ་ལྡན་པ་དང་། མི་དམངས་མང་ཚོགས་ཀྱི་ལུས་རྟེན་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན།  

    (བཞི)ནག་ཉེས་བསགས་པའི་དོགས་པ་ཡོད་པས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་ནས་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་བཅས་རེད།  

    《ཐེར་འདོན་བྱས་ན་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཀྱི་དོན་ཚན་བཅུ་གཉིས་པར་གཏན་འབེབས་གསལ་པོ་བྱས་དོན། དངུལ་ཆད་གཅོད་དང་གཞུང་བཞེས་བཏང་ཡོད་པའི་གྱོད་གཞིར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཚད་གཞི་ལྟར་བྱ་དགའི་དངུལ་རྩིས་རྒྱག་དགོས་པ་མ་ཟད། གྱོད་འབྲེལ་གྱི་དངོས་ཟོག་རིན་ཐང་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་བྱ་དགའི་དངུལ་གཏན་འཁེལ་བྱེད་དགོས། 

    དངུལ་ཆད་གཅོད་དང་གཞུང་བཞེས་བཏང་མེད་པའི་གྱོད་གཞི་ཐེར་འདོན་བྱས་རིགས་ལ། རིམ་པ་དང་པོའི་ཐེར་འདོན་བྱ་དགའ་ནས་རིམ་པ་གསུམ་པའི་ཐེར་འདོན་བྱ་དགའི་དངུལ་གྲངས་སོ་སོར་སྒོར་5000དང་། སྒོར་3000 སྒོར་1000བཅས་ལས་མི་དམའ་བ་བྱེད་དགོས། 

    གཞན་ཡང་ཐེར་འདོན་གྱོད་གཞི་རེའི་བྱ་དགའི་དངུལ་གྲངས་མཐོ་ཤོས་སྒོར་ཁྲི་100ཡིན་པ་དང《ཐེར་འདོན་བྱས་ན་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཀྱི་དོན་ཚན་བཅུ་གཉིས་པའི་གཏན་འབེབས་གཞིར་བཟུང་གཏན་འཁེལ་བྱས་པའི་བྱ་དགའི་དངུལ་གྲངས་གྲངས་ཚད་དེ་ལས་བརྒལ་མི་ཆོག བྱ་དགའ་རྐྱང་སྤྲོད་ཀྱི་དངུལ་གྲངས་སྒོར་ཁྲི་50ཡན(སྒོར་ཁྲི་50ཚུད་པ)ཟིན་རིགས་ལ་ཐེར་འདོན་བྱས་པའི་བྱ་དགའི་དངུལ་སྤྲོད་མཁན་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རིམ་པ་དེ་གའི་སྲིད་གཞུང་གི་ནོར་སྲིད་སྡེ་ཚན་དང་གྲོས་མོལ་བྱས་ནས་གཏན་འཁེལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།