དབུ་ཤོག
  • གྲོང་ཁྱེར་མི་དམངས་སྨན་ཁང་གི་ཉིང་སྐྱུར་བརྟག་དཔྱད་བྱེད་ས་སྤོས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-08-18

    ཤ་ཚའི་དྲན་སྐུལ།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་གནས་སྤོའི་སྤྱི་བསྒྲགས། 

    01.jpg

    སྨན་ཁང་གི་སྒོ་རའི་ནང་དུ་མི་མང་པོ་འདུ་འཛོམས་མི་ཡོང་བ་དང་རྒྱ་ཆེའི་མང་ཚོགས་ལ་དེ་བས་བདེ་འཇགས་དང་སྟབས་བདེའི་སྒོ་ནས་ཞབས་འདེགས་ཞུ་ཆེད། ཚེས་16ཉིན་ནས་བཟུང་། ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་སྒོ་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལྟེ་བའི་སྨན་ཁུལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁུལ་དུ་གཅིག་སྡུད་ཐོག་སྤེལ་རྒྱུ་ཡིན་པ་དང་། སྨན་ཁང་རྙིང་པར(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པེ་ཅིང་དཀྱིལ་ལམ་སྒོ་རྟགས་དང་པོ)ཉིང་སྐྱུར་བརྟག་དཔྱད་བྱེད་ཀྱི་མེད་པས་རྒྱ་ཆེའི་མང་ཚོགས་ཚོས་བསམ་ཤེས་ཡོད་པ་ཞུ།

    གཅིག ཉིང་སྐྱུར་བརྟག་དཔྱད་བྱེད་ས། 

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལྟེ་བའི་སྨན་ཁུལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཁུལ། 

    ས་གནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཧྲུའུ་ཧྲན་ལམ་སྒོ་རྟགས་7པ།

    03.jpg

    04.jpg

    05.jpg

    ལམ་ཐིག སྨན་ཁང་གི་ཤར་སྒོ་ནས་འཛུལ་ཏེ་གཡས་སུ་ཁ་སྐོར་ན་ཉིང་སྐྱུར་བརྟག་དཔྱད་བྱེད་ས་མཐོང་ཐུབ།

    གཉིས། ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་ལེན་པའི་དུས་ཚོད།

    གཟའ་ཟླ་བ་ནས་ཉི་མ་བར། སྔ་དྲོའི་ཆུ་ཚོད་9:00-12:30དང་། ཕྱི་དྲོའི་ཆུ་ཚོད་15:30-17:30 

    གསུམ། བརྟག་དཔྱད་ཀྱི་སྙན་ཞུ་ལེན་སྟངས།

    1.ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཀྱི་རང་འགུལ་ཞབས་ཞུའི་འཕྲུལ་ཆས་ནས་ཡིག་དཔར་སྙན་ཞུ་ལེན་ཆོག

    2.“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུད་སྣེའི་རྩ་གཉིས་ཨང་རྟགས”བརྒྱུད་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲས་བུ་འདྲི་རྩད་བྱ་ཆོག

    06.png

    བཞི། རིན་བསྡུའི་ཚད་གཞི།

    ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་འགྲོ་གྲོན་མི་སྒེར་སོ་སོས་སྤྲོད་དགོས་པ་དང་། རྟགས་དཔྱད་ཀྱི་འགྲོ་གྲོན་སྒོར་80ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།