དབུ་ཤོག>གསར་འགྱུར།
  • བོད་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-18

    ཉེ་དུས་ལྗོངས་ཡོངས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་བཀོད་སྒྲིག་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་དང་མོང་ཞའོ་ལིན་གྱིས་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་ཚུགས་གནས་མཐོ་རུ་བཏང་བ་དང་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་དགོས། གྲུབ་འབྲས་ཁས་ལེན་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས། ཕྱོགས་ཡོངས་ནས་དོན་འཁྱོལ་དང་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ། རྒྱལ་ཡོངས་ཀྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་སྐུལ་འདེད་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་དམིགས་ཚད་དང་ལས་འགན་གསར་པར་དམིགས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་དང་། རྒྱ་སྐྱེད། གསར་གཏོད་བཅས་བྱེད་དགོས། གནད་དོན་ལ་དམིགས་པ་དང་གནད་སྨིན་ཇུས་བསྟར་བྱས་ནས་ནང་ཁུལ་དོ་དམ་དང་། རོགས་སྐྱོར་བྱེད་མཁན་དང་དང་ལེན་བྱེད་མཁན་ཕྱོགས་གཉིས་པོ་མཉམ་འདྲེས། ཚན་ཞིབ་འགག་སྒྲོལ། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་གཙོ་གནད་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། ལས་ཀའི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། འགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་འཛུགས་ཞིབ་ཚགས་དང་། འགན་འཁྲི་ནན་དཀྲི། འགན་ལེན་ལ་ཤུགས་སྣོན། དཔྱད་ཞིབ་ནན་པོ་བཅས་བྱས་ནས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་ཞེས་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།