རྒྱ་ཆེའི་གྲོང་མི་རྣམས་དང་ཡུལ་སྐོར་བ་རྣམས་ལ།
ཕོ་བྲང་པོ་ཏ་ལའི་རིམས་འགོག་སྒྲིག་ཆས་དང་བདེ་འཇགས་ཞིབ་བཤེར་གྱི་སྒྲིག་ཆས་རིམ་སྤོར་བསྒྱུར་བཀོད་བྱེད་དགོས་པའི་དབང་གིས། གོང་རིམ་ཚན་པའི་མོས་མཐུན་ཐོབ་པ་བརྒྱུད། ངེད་དོ་དམ་ཁྲུའུ་ནས་2021ལོའི་ཟླ་8ཚེས་18དང་19ཉིན(གཟའ་ལྷག་པ་དང་ཕུར་བུ)གཟིམ་སྒོ་བསྐྱོན་རྒྱུ་ཡིན་པས། དེའི་རིང་ཕོ་བྲང་པོ་ཏ་ལར་སྐྱོད་མཁན་ཡོད་ཚེ། དེ་མིན་གྱི་དུས་ཚོད་ལ་ཕེབས་རོགས། དེས་རྐྱེན་པས་ཁྱེད་ལ་སྟབས་མི་བདེ་བ་བྱུང་ཚེ། དགོངས་འགལ་མེད་པ་ཞུ།
ཆེད་དུ་སྤྱི་བསྒྲགས་འདི་སྤེལ།
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས།
2021ལོའི་ཟླ་8ཚེས་16ཉིན།