“ང་ལ་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚགས་ཚུད་པོ་མ་བྱུང་བ་དང་། སློབ་སྦྱོང་གི་བརྒྱུད་རིམ་ཞིབ་ཚགས་པོ་མེད་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་མངོན་གསལ་དོད་པོ་མེད་པ་བཅས་ཀྱི་གནད་དོན་ལྡན་ཡོད” “རང་སྐྱོན་ལ་བརྟག་སྐབས་དཀའ་སྡུག་ཁྱད་བསད་ཀྱིས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མི་འདང་བ་དང་ལས་ཀའི་ཐད་སྒྱིད་ལུག་གི་བསམ་བློ་འདུག”ཅེས་པ་ལ་སོགས་ནི་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་ཐོག་སྤེལ་བའི་གཏམ་བཤད་ཀྱི་ནང་དོན་རེད།
ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་པ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ལྷུ་ཚིགས་གལ་ཆེན་ཞིག་རེད། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཁག་གིས་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དེ་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ཆབ་སྲིད་ཀྱི་ཉམས་ལེན་ཞིག་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་དོན་འཁྱོལ་བྱས་ཏེ་ཏང་ཡོན་ཡོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
“ང་ཚོས་རང་ཉིད་ཀྱི་སྐྱོན་ཆ་གླེང་བ་དང་ཆབས་ཅིག་ཕ་རོལ་པོའི་མི་འདང་བའི་ཆ་ཡང་གླེང་བ་ལས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ཐུབ་པ་མ་ཟད། ཁྲལ་སེལ་སླ་བཅོས་ཙམ་མིན་པར་བསམ་བློའི་ཁུར་པོའང་ཡང་དུ་ཕྱིན་ནས་ཕྱིན་ཆད་ལས་དོན་སྤེལ་སྐབས་སྔར་བས་བདེ་བླག་ཡོང་ངེས་རེད”ཅེས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་ཏང་ཀྲི་པུའུ་གཉིས་པའི་ཧྲུའུ་ཅི་ལིའུ་ཆིང་ཞ་ཡིས་བཤད།
རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དབྱིན་ཅུས་གོ་ཡིས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བྱ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་ལ་བབས་ས་ཞིག་ཡིན་པས། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་བཅས་ཀྱི་གྲུབ་འབྲས་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་ཏན་བསྟར་ཐུབ་པ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཤིང་། ཏང་ཀྲི་པུའུ་ཁག་གིས་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་གནད་དོན་དག་ཐེར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞིབ་བཤེར་བྱས་ནས་བཏོན་པའི་གནད་དོན་ལ་དམིགས་ནས་དག་ཐེར་གྱི་ཇུས་གཞི་བཟོ་བ་དང་། དག་ཐེར་གྱི་གསལ་ཐོ་བཟོ་བ། དག་ཐེར་གྱི་དུས་བཀག་ཁ་གསལ་བཟོ་བ། དག་ཐེར་གྱི་ཁས་ལེན་བྱེད་པ་བཅས་ཀྱི་ཐོག་ནས་དག་ཐེར་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་བྱས་པར་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས”ཞེས་བཤད།
མིག་སྔའི་བར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱི་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་ཐེངས་32བྱས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ལག་ལེན་བསྟར་ནས་རིམ་རྩིས་བྱས་ན་མང་ཚོགས་ལ་བྱ་བ་དངོས་327བསྒྲུབས་ཡོད།