དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《འདྲ་མཉམ་འགྲན་རྩོད་ཞིབ་བཤེར་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》ལ་ཆེད་དོན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-15

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྣེ་ཁྲིད་དེ་གྲོང་ཁྱེར་ཐད་གཏོགས་ཚན་པ་30དང་། རྫོང(ཆུས)སྲིད་གཞུང་། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་པ་བཅས་སྒྲིག་འཛུགས་བྱས་ཏེ《འདྲ་མཉམ་འགྲན་རྩོད་ཞིབ་བཤེར་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》ལ་ཆེད་དོན་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་བྱེད་རིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཆད་ཁྲིད་པ་གདན་དྲངས་ནས《འདྲ་མཉམ་འགྲན་རྩོད་ཞིབ་བཤེར་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》གྱི་བཟོ་བཅོས་བྱས་པའི་ནང་དོན་ངོ་སྤྲོད་དང་གསལ་འགྲེལ་བྱེད་པའི་ཆེད་དོན་འཆད་ཁྲིད་འཁྲིད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་ཚེ་རིང་སྒྲོལ་དཀར་གྱིས“འདྲ་མཉམ་འགྲན་རྩོད་ཀྱི་ཞིབ་བཤེར་ནི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་། དེས་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་གཅིག་གྱུར་ངང་སྒོ་དབྱེའི་ཁྲོམ་ར་འཛུགས་རྒྱུའི་ཆོད་སེམས་མཚོན་པས། དེ་ནི་ཚོང་གཉེར་ཁོར་ཡུག་ལེགས་སུ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་དང་། ‘གློད་སྡོམ་ཞབས’གསུམ་གྱི་སྒྱུར་བཅོས་ཟབ་གཏོང་གིས་སྲིད་གཞུང་གི་འགན་ནུས་ལེགས་སུ་ཏན་ཏིག་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་རེད། ན་ནིང་ལྷ་ས་གྲོང་ཁྱེར་དུ་གྲོང་ཁྱེར་དང་རྫོང(ཆུས)རིམ་གཉིས་སྲིད་གཞུང་དང་། གྲོང་ཁྱེར་ཡོངས་ཀྱི་ཁོངས་མིའི་ཚན་པར《འདྲ་མཉམ་འགྲན་རྩོད་ཞིབ་བཤེར་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》ཡོངས་ཁྱབ་ཐུབ་ཡོད། ད་ཐེངས་ཀྱི《འདྲ་མཉམ་འགྲན་རྩོད་ཞིབ་བཤེར་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》གྱི་ཆེད་དོན་གསོ་སྦྱོང་ནི་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་གཉེར་བ་ཞིག་རེད”ཅེས་ངོ་སྤྲོད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།