དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-15

    ཉེ་དུས། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་མི་ཨུ་ལྷན་གྱིས་མཉམ་དུ་སྤེལ་བའི“ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སྒྲོག་འགྲེལ་བྱེད་སྒོ་ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་དོན་གཅོད་ཁང་དུ་སྤེལ་བ་རེད།

    ལྷ་སའི་གྲོང་མི་ཨུ་ལྷན་གྱི་མི་རིགས་ལས་དོན་ཁོའི་ཁོའོ་ཀྲང་གཞོན་པ་ཚེ་དོན་གྱིས“ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ལས་དོན་ཏན་ཏིག་ངང་སྒྲུབ་རྒྱུ་དང་། དུས་རབས་གསར་པའི་སྔོན་ཐོན་མི་སྣའི་དཔེ་བཟང་གདོང་ལེན་གྱི་ནུས་པ་འདོན་སྤེལ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རིགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། དུས་རབས་གསར་པའི་མི་རིགས་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས‘ལོ་ལྔ་ཚན་བཅུ་བཞི་པའི’རིང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་ཡིན”ཞེས་བརྗོད་པ་རེད།

    ཆུ་ཚོད་གཉིས་ལྷག་ཙམ་གྱི་སྒྲོག་འགྲེལ་བྱས་པ་བརྒྱུད། ཚང་མས་མི་རིགས་སྲིད་ཇུས་ལ་དེ་བས་ཟབ་པའི་ཤེས་རྟོགས་བྱུང་སྟེ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”སྤྱིའི་དམིགས་ཚད་བརྟན་དུ་ཕྱིན་པ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ནས། སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་སོང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།