དབུ་ཤོག>གསར་འགྱུར།
  • “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་ལས་བོད་ཀྱི་སློབ་མར་ཕན་པ་ཐོབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-08-13

    2015ལོའི་ཟླ་12པར་སློབ་གསོ་པུའུ་སོགས་པུའུ་ཨུད་ཀྱིས་མཉམ་དུ《“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་དོན་གྱི་ལག་བསྟར་ཇུས་གཞི》བཀྲམ་སྟེ། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་ནམ་གྲོང་ཁྱེར་དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་ནས་དགེ་རྒན་800བོད་དུ་སློབ་སྐྱོར་བྱེད་པར་མངགས་པ་དང་དགེ་རྒན་10ནས་50བར་ལས་གྲུབ་པའི་ཚོགས་པ་གཅིག་གིས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གཅིག་ལ་གཅིག་སྡུད་ཁ་གཏད་རོགས་སྐྱོར་བྱས་པ་རེད། 2016ལོར་པེ་ཅིང་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་17གྱི་ཆེད་བསྐོས་དགེ་རྒན་དང་དོ་དམ་མི་སྣ་800ཁ་ཆད་བཞིན་བོད་དུ་བསྐྱོད་པ་རེད།

    བོད་སྐྱོར་དགེ་རྒན་གྱི་རོགས་སྐྱོར་འོག་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་རིག་གནས་སློབ་ཚན་གྱི་སྦྱངས་འབྲས་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཨན་ཧུའེ་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་རུ་མི་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་སྤྱི་ལི་མིན་གྱིས“ན་ནིང་གི་མཐོ་རྒྱུགས་ལ་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་གི་ཨང་དང་པོ་ཚང་མ་ང་ཚོའི་སློབ་གྲྭ་ནས་ཡིན་པ་དང་གཙོ་གནད་དངོས་གཞིའི་ཚན་ཁག་གི་སློབ་གྲྭར་ལོན་ཚད་15%ཟིན་ཡོད”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།