དབུ་ཤོག>གསར་འགྱུར།
  • ​རྒྱལ་རྩེ་རྫོང་གིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-12

    2020ལོར་རྒྱལ་རྩེ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་27.06ཟིན་ནས་ལོར་ཆ་སྙོམས་9.64%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་4527ཟིན་ནས་ལོར་ཆ་སྙོམས་8.01%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་7.52ཟིན་ནས་ལོར་ཆ་སྙོམས་16.2%འཕར་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་17145ཟིན་ནས་ལོར་ཆ་སྙོམས་11.72%འཕར་ཏེ་གཞིས་རྩེ་གྲོང་ཁྱེར་ནས་མདུན་གྲལ་དུ་སླེབས་ཡོད།

    དཔལ་འབྱོར་གྱི་ཕྱོཌ་བསྡུས་སྟོབས་ཤུཌ་སླར་ཡང་སྐས་རིམ་གསར་པར་སླེབས་པ། 

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་རྩེ་རྫོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ་མཁོ་སྤྲོད་ཕྱོཌ་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བས་རྫོང་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཆེ་རུ་ཕྱིན་ཡོད།

    ཐོན་ལས་གྲུབ་ཆ་ལེགས་གཏོང་རིམ་སྤོར་བྱས་ཤིང་། ཞིང་འབྲོག་ཐོན་ལས་གསར་བརྗེར་སྐུལ་འདེད་བརྟན་པོ་བཏང་ནས་སོན་བཟང་འདེབས་འཛུགས་ཁྱབ་གདལ་ཤུགས་ཆེན་བཏང་བས། རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་རིམ་རྩིས་བྱས་ན་རྒྱ་མ་དུང་ཕྱུར་6.81ཟིན་ནས་ལོ་ལྔ་བསྟུད་མར“ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་སྔོན་ཐོན་རྫོང”ལ་བདམས་པ་རེད། ཇོ་མོ་གླང་མའི་ལུག་དང་། བཞོན་མ་གསོ་ཚགས། ཞིང་འབྲོག་ཐོན་རྫས་ཐོག་མའི་ལས་སྣོན་ཞིབ་ཚགས་སོགས་ཐོན་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་རགས་ཙམ་མངོན་འགྱུར་བྱུང་ཡོད། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱས་ཤིང་། གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་སྣེ་འདྲེན་ཁེ་ལས་12དང་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་མཉམ་ལས་ཁང་8ཡོད། རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་164.02ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་3.17བྱུང་ཡོད།

    ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་གྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་3.81བཏང་ནས་རོགས་སྐྲུན་རྣམ་གྲངས་99ལག་བསྟར་བྱས་པ་དང་། འབྱོར་འབྲིང་གྲོང་ཚོའི་དཔེ་སྟོན་ས་ཚིཌ་སྤུས་ཚད་མཐོ་པོས་བཏོད་པ། ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་དང་ཤེས་ལྡན་མི་སྣའི་སྤེལ་རེས་ལ་སྐུལ་འདེད་བཏང་བ། དམངས་འཚོའི་འདུ་འགོད་འབོར་ཆེན་ལག་བསྟར་བཅས་བྱས་ནས་རྒྱལ་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་སླར་ཡང་གྲུབ་འབྲས་གསར་པ་བཏོད་པ།

    རྒྱལ་རྩེ་རྫོང་གིས་ཁོར་ཡུག་ནི་དམངས་འཚོ་ཡིན་པ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་དམར་ཐིག་བརྟན་སྲུང་དང་སྐྱེ་ཁམས་འདུ་འགོད་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་ཚད་མཐོའི་སྲུང་སྐྱོང་བྱས་ཡོད།

    རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་འདུ་འགོད་དང་འདམ་ར་ཕྱོགས་བསྡུས་བཅོས་སྐྱོང་སྲུང་སྐྱོང་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཤིང་། རིམ་རྩིས་བྱས་ན་སྔོ་ལྗང་ཅན་དུ་འགྱུར་ཚད་མུའུ་ཁྲི་11.09ཟིན་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་43བཏོད་ཡོད།

    ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མྱང་ཆུ་གཙང་པོ་རྒྱུག་ཁུལ་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཤིང་། ཁྲིམས་འགལ་ངང་གསར་སྦོལ་དང་རྩྭ་ཐང་བཟུང་སྤྱོད་སོགས་ཀྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ལྗང་མདོག་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྐྱེ་ཁམས་ཁ་གསབ་ཀྱི་དབུལ་སྒྲོལ་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་པས། དྲ་མིག་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དོ་དམ་མངོན་འགྱུར་བྱུང་ཡོད།

    བསམ་བློའི་རིག་གནས་འཛུགས་སྤེལ་ཐད་སླར་ཡང་ལེའུ་གསར་པ་བརྩམས་པ།

    ཉེ་བའི་ལོ་ཤས་རིང་། རྒྱལ་རྩེ་རྫོང་གིས་ཡུལ་སྐོར་སྤུས་རྟགས་ཧུར་ཐག་བཏོད་ཅིང་། མདའ་དམག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྐད་གྲགས་ལྗོངས་ཡོངས་སུ་ཁྱབ་པ་དང་། 《སྤྲོ་སྣང་ལྡན་པའི་མདའ་དམག་དུས་ཆེན》དང་། 《སྣང་ས་འོད་འབུམ》 《གླུ་གར་ཕྱོགས་བསྒྲིགས་ཡང་རྩེའི་སྟོད་གཞས》སོགས་རིག་རྩལ་སྤུས་རྟགས་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་རྩེའི་དབྱིན་འགོག་རྗེས་ཤུལ་དང་ཕ་ལྷ་གཞིས་ཀ་སོགས་གཙོ་གནད་རིག་དངོས་ཉམས་གསོ་བེད་སྤྱོད་ཐུབ་པ། ལྗོངས་ཕྱི་ནང་གི་སྨྱན་སྦྱོར་མི་ཐེངས་1800ལྷག་ཙམ་ལ་སྣེ་ལེན་ཞུས་པ་ལས། གསོན་ཉམས་དོད་པོས་རྒྱལ་རྩེའི་གཏམ་རྒྱུད་གླེང་བ་དང་རྒྱལ་རྩེའི་གཟུགས་བརྙན་གང་ལེགས་མངོན་པར་བྱས་ཡོད།

    ཏང་གིས་འདུ་ཤེས་འཛིན་སྟངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་རིམ་པ་བཞིན་དོན་འཁྱོལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བ་བཅས་བྱས་པས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་ལ་གཏིང་ཟབ་ཟུག་ཡོད། “འཆལ་རྡུང་ལོག་སེལ”གྱི་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཤིང་། རིག་གནས་ཁྲོམ་ར་བདེ་འཇགས་དང་། ཡ་རབས། སྐྱོན་བྲལ་བཅས་ཡོང་བ་བྱས་ཡོད།

    དམངས་འཚོ་འགན་ལེན་ལས་དོན་སླར་ཡང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ།

    མ་དངུལ་སྒོར་དུང་ཕྱུར་12.12སྤྱི་འདོམས་བསྡུ་སྒྲིལ་བྱས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དཀའ་གནད་ཐག་གཅོད་བྱས་པས། རྫོང་ཡོངས་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་སྒོར་1582.01ནས་2020ལོའི་སྒོར་13760.13བར་མང་དུ་ཕྱིན་ཏེ་ལོར་ཆ་སྙོམས་54.13%འཕར་ནས། རྒྱལ་རྩེ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད།

    མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུ་རྒྱུན་མཐུད་འགན་ལེན་ཐུབ་པ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ངལ་ནུས་ཕྱིར་གཏོང་ཞབས་ཞུའི་མ་ལག་གིས་མང་ཚོགས་ལ“བུ་རྫིའི་རྣམ་པ”དང“གཅིག་འཐུས་རྣམ་པའི”ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་པ་དང་། “གནད་སྨིན་བརྒྱད”དང“4321”ཆ་སྒྲིག་རོཌ་སྐྱོར་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་གང་ལེགས་ཐུབ་པ། “མངཌ་ཐོ་རྣམ་པའི”གསོ་སྦྱོང་བྱས་ནས་ལས་ཞུཌ་ཐུབ་ཚད་80%ཡན་ཟིན་པ། 2020ལོར་ལོ་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98.8%ཟིན་པ་བཅས་རེད།

    ཏང་འཛུགས་སྐྱོང་གི་སྤུས་ཚད་སླར་ཡང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ།

    རྒྱལ་རྩེ་རྫོང་གིས་ད་དུང་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཆེད་འགན་ལེན་ནུས་ལྡན་བྱས་ཡོད།

    ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། “ནན་གསུམ་དྲང་གསུམ”དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ” “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”སོགས་ཀྱི་ཏང་ནང་ཁུལ་གྱི་སློབ་གསོར་དམ་འཛིན་ནན་པོ་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དོན་འཁྱོལ་ནན་པོ་བྱེད་པ། ཏང་འཛུགས་སྐྱོང་གི“111”དང་། གཞི་རིམ་ཏང་འཛུཌ་སྐྱོང་གི“བྱ་བ་དངོས་བཅུ་གཉིས” ཏང་འཛུགས་སྐྱོང་གི“མཐོར་གཏོང་བཞིའི་འདུ་འགོད”བཅས་ལག་བསྟར་གཏིང་ཟབ་བྱེད་པ། གྲོང་ཚོ་རིམ་པའི་རྩ་འཛུཌ་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་གྱི་འཛུགས་སྐྱོང་ལེགས་སྒྲུབ་བཅས་བརྒྱུད། ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་ཁྱབ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། མཉམ་སྡེབ་དཔལ་འབྱོར་ཚན་པ་387ལ་རོགས་སྐྱོར་གྱིས་འཕེལ་རྒྱས་སྟོབས་ཆེར་བཏང་བས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་བྱུང་ཡོད།

    དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་འགོ་འཛུགས་སར་ལངས་ནས་རྒྱལ་རྩེ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐུན་མིན་གྱི་ལེགས་ཆར་གཞི་ཚུགས་ཏེ་མཐོང་རྒྱ་ཆེན་པོ་དང་སྔོན་དཔག་གི་མིག་རྒྱང་ཐོག་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། དམིགས་ཚད། ཐབས་ལམ་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཡིན་པའི་རྒྱལ་རྩེའི་གཟུགས་བརྙན་དང་། གནས་བབ། ཤུགས་རྐྱེན་བཅས་སླར་གསོ་དང་མཐོར་གཏོང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།