དབུ་ཤོག
  • གཡུ་ཐོག་ལམ་དུ་མོ་ཊ་ཕྱོགས་གཅིག་ནས་མ་གཏོགས་འགྲོ་མི་ཆོག་པའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-08-10

    འགྲོ་ལམ་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་གོ་རིམ་སྔར་བས་ཚད་ལྡན་དང་། གཡུ་ཐོག་ལམ་དང་དེའི་ཉེ་འཁོར་དུ་མོ་ཊ་འགག་པའི་གནས་ཚུལ་ཞི་ལྷོད་དུ་བཏང་ནས་གྲོང་མི་ཚོར་འགྲོ་སྐྱོད་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གཡུ་ཐོག་ལམ་དུ་མོ་ཊ་ཕྱོགས་གཅིག་ནས་མ་གཏོགས་འགྲོ་མི་ཆོག་པ་བཟོ་རྒྱུ་ཡིན་པས། འབྲེལ་ཡོད་དོན་ཚན་གཤམ་གསལ།

    དང་པོ། མོ་ཊ་ཕྱོགས་གཅིག་ནས་མ་གཏོགས་འགྲོ་མི་ཆོག་པའི་ལམ་དུམ། གཡུ་ཐོག་ལམ་ཧྲིལ་པོ།

    གཉིས་པ། འགྲོ་སྐྱོད་ལམ་ཐིག གཡུ་ཐོག་ལམ་གྱི་ནུབ་ནས་ཤར་གྱི་ཕྱོགས་སུ་མ་གཏོགས་འགྲོ་མི་ཆོག(མཁར་རྔ་གདོང་ལམ་ནས་གཡུ་ཐོག་ལམ་དུ་འཛུལ་དགོས)རྡོ་སེང་གེ་ལམ་ནས་གཡུ་ཐོག་ལམ་དུ་མོ་ཊ་འཛུལ་མི་ཆོག

    གསུམ་པ། ཟླ་8ཚེས་15ཉིན་ནས་བཟུང་བྱ་ཐབས་དངོས་སུ་ལག་བསྟར་བྱས་ཏེ་འཕྲུལ་སྒུལ་འཁོར་རིགས་ལྡོག་ཏུ་གཏོང་བ་དང་། སྒྲིལ་འགལ་ངང་འཇོག་པ། ཁ་གང་བྱུང་གཅུ་བ། ལམ་ཐིག་བརྫི་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་པར་རྒྱག་རྒྱུ་མ་ཟད། ཁྲིམས་བཞིན་ཆད་པ་གཅོད་རྒྱུ།

    བཞི་པ། གཡུ་ཐོག་ལམ་ཧྲིལ་པོ་ནི་དོ་དམ་ནན་པོ་བྱ་ཡུལ་ཡིན་པས། ཁྲོམ་གཞུང་རྒྱུད་ཀྱི་ལས་ཁུངས་དང་ཚོང་ཁང་ཁག་གིས་མོ་ཊ་ཕྱོགས་གཅིག་ནས་མ་གཏོགས་འགྲོ་མི་ཆོག་པའི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཚན་པར་གཞོགས་འདེགས་ཧུར་ཐག་ཞུ་དགོས། 

    ལྔ་པ། མོ་ཊ་གཞན་སྐྱོད་པར་འགོག་རྐྱེན་མི་བཟོ་བའི་འོག་གློག་སྒུལ་སྦག་སྦག་རྣམས་གནས་གཏན་འཁེལ་གྱི་སར་གོ་རིམ་ལྡན་པའི་ངང་འཇོག་དགོས། 

    དྲུག་པ། རྒྱ་ཆེའི་ཁ་ལོ་བ་ཚོས་འགྲོ་ལམ་འགྲིམ་འགྲུལ་གྱི་མཚོན་རྟགས་དང་ལམ་ཐིག་གཞིར་བཟུང་སྐྱོད་དགོས།

    ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས།

    2021ལོའི་8ཚེས་9ཉིན། 

    微信图片_20210810163359.jpg

    关于对宇拓路实施单向通行的公告

    为进一步规范道路通行秩序,缓解宇拓路及周边交通拥堵,为市民提供畅通、有序的出行环境,拉萨市公安局交警支队将对宇拓路实行单向通行,现将相关事宜公告如下:

    一、单向通行路段:宇拓路全段。

    二、通行路线:沿宇拓路由西向东单向通行(由康昂多路驶入宇拓路);禁止机动车由朵森格路驶入宇拓路。

    三、8月15日起正式实施,针对机动车逆向行驶、违法停车、违法掉头、压线、超车等交通违法行为进行电子警察抓拍,并依法进行处罚。

    四、宇拓路全段将作为严管街区,沿街各单位及商铺,严格遵守单向通行的相关规定,积极配合公安交管部门的管理。

    五、电动车请按规定在不影响其他车辆通行的情况下,有序停放在指定的区域内。

    六、敬请广大机动车驾驶人严格按照道路交通标志、标线的规定通行。

         特此通告

    拉萨市公安局交通警察支队

    二〇二一年八月九日

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།