དབུ་ཤོག>གསར་འགྱུར།
  • སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་རྟག་ཏུ་ཤེས་བྱ་གསར་པ་སྦྱོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-10

    837547_yis_1628524800000_s.jpg

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ”བཅས་ཀྱི་བྱེད་སྒོ་ཏན་ཏིག་ངང་སྤེལ་བ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་རྟག་ཏུ་ཤེས་བྱ་གསར་པ་སྦྱོང་བ་མ་ཟད། དེ་བཞིན་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པར་མུ་མཐུད་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།

    འདི་ནི་ཆུ་གསུམ་རྫོང་རྫོང་ཞོལ་གྲོང་ཚོའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།