དབུ་ཤོག>གསར་འགྱུར།
  • མྱང་ཆུའི་ངོགས་སུ་གནའ་སྡོང་ཚར་དུ་དངར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-09

    848719_yis_1628438400000_s.jpg

    གཞིས་རྩེ་གྲོང་ཁུལ་ཤར་རྒྱུད་དུ་གནས་པའི་ཀུན་ཁྱབ་གླིང་ག་ནི་མྱང་ཆུའི་ནུབ་ངོགས་སུ་ཆགས་པ་དང་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་50ཙམ་ཟིན་ཡོད། གླིང་གའི་ནང་ལྕང་སྡོང་མང་པོ་དགུང་དུ་བསྲིངས་ནས་སྔོ་ལྗང་ནེའུ་གསིང་ལྟར་སྣང་ཞིང་། དེ་གར་ལྕང་སྡོང་ཆེ་ཆུང་རྐང་ཁྲི་3.5ལྷག་ཙམ་ཡོད་པ་དང་། དེའི་ནང་གནའ་སྡོང་རྐང་728ཡོད་པ་རེད། སྡོང་པོའི་རིགས་ལ་རྒྱ་ལྕང་དང་སྦྱར་དཀར་སོགས་མང་པོ་ཡོད་ལ། གནའ་སྡོང་དེ་ཚོར་ཚན་ཞིབ་ཀྱི་རིན་ཐང་དང་སྐྱེ་ཁམས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད། འདི་ནི་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་དགེ་སློབ་ཚོས་ཀུན་ཁྱབ་གླིང་གའི་གནའ་སྡོང་དག་གི་འབྲེལ་ཡོད་གྲངས་གཞིར་ཚད་འཇལ་བྱེད་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།