
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚོང་དོན་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ས་ཁུལ་དང་གྲོང་ཁྱེར་གྱི་ཟོག་འགྲེམས་དྲ་རྒྱ་ལྟེ་བར་བྱེད་པ་དང་། རྫོང་གྲོང་ལྟེ་གནས་སུ་བྱེད་པ་དང་འབྲེལ་གྲོང་གསེབ་ཏུ་ཁྱབ་འགྱེད་ཐུབ་པ། ཞིང་འབྲོག་ཐོན་རྫས་སིལ་ཚོང་གཙོ་བོར་བྱེད་པ་བཅས་ཀྱི“རང་སྐྱོང་ལྗོངས་རིམ་པ་—— ཡུག་སྦྲེལ་ཁུལ་རིམ་པ་ —— ས་ཁུལ་རིམ་པ”དང་རྫོང་དང་། ཤང་། གྲོང་རྡལ་རིམ་པའི་ཚོང་དོན་ཟོག་འགྲེམས་སྡེབ་སྐྱེལ་དྲ་རྒྱའི་མ་ལག་རགས་ཙམ་ཆགས་ཡོད།
ཅིང་ཏུང་ཟོག་འགྲེམས་བོད་ལྗོངས་གླིང་2017ལོའི་ཟླ་5པར་བསྐྲུན་ཟིན་པ་དང་། མིག་སྔར་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ཟོག་འགྲེམས་མཛོད་འཇུག་སྡེབ་སྐྱེལ་ལྟེ་གནས་སུ་རིམ་པ་སྤར་བས། ཚོང་ཟོག་80%ཙམ་ས་གནས་དེ་ག་ནས་གཏོང་ཐུབ་ཀྱི་ཡོད། དེ་དང་ཆབས་ཅིག་ད་དུང་བོད་ཀྱི་ཚོང་ཟོག་ཆེད་ཁུལ་བཙུགས་ནས་བོད་རིགས་ས་ཁུལ་གྱི་ཐོན་རྫས་ཕྱིར་ཚོང་ལ་རམ་འདེགས་བྱས་པས་གཏེར་ཆུ་དང་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་ལྡབ་འཕར་བྱུང་ཡོད། འདི་ནི་ཅིང་ཏུང་གི་ལས་དོན་མི་སྣས་ཟོག་འགྲེམས་ཆ་འཕྲིན་བསྡོམས་རྩིས་རྒྱག་བཞིན་པ།