
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་ཀུན་ཁམས་གྲོང་ཚོས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཙོ་བོར་བྱེད་པ་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་མ་དངུལ་སྒོར་ཁྲི་1353བཏང་ནས་ཕན་ཆེའི་ཞིང་ལས་ཕྱོགས་བསྡུས་ལམ་བུ་བཏོད་པ་དང་། མ་དངུལ་སྒོར་ཁྲི་1200བཏང་ནས་གླིང་མདའ་ཤང་སློབ་ཆུང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་དུས་མཚུངས། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་ཞིང་ལས་དངུལ་ཁང་གི་ལས་གཉེར་དྲ་ཚིགས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཆར་འགོད་འཛུགས་སྐྲུན་དང་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་། ཁོར་ཡུག་འཕྲོད་བསྟེན་གཙང་བ། ཐོན་ལས་ཀྱི་རྨང་གཞི་བརྟན་པ་བཅས་ཀྱི་ས་མཐོའི་འབྱོར་འབྲིང་གྲོང་ཚོ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད། འདི་ནི་ཉེ་ཆར་གསར་འགོད་པས་མི་མེད་གནམ་གྲུའི་ཐོག་ནས་པར་བླངས་པའི་ཀུན་ཁམས་གྲོང་ཚོ་ཡིན་པ།