དབུ་ཤོག>གསར་འགྱུར།
  • སྤུས་རྟགས་ཀྱི་ཚད་ཤིང་བཏོད། སྤུས་ཚད་ཀྱི་མཐོ་ས་བསྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-06

    སྤུས་རྟགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་ནི་རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་དང་། ཁེ་ལས་ཀྱིས་སྤུས་ཚད་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་བྱ་ཐབས་ནུས་ལྡན་ཤིག་རེད།

    འདི་ལོ་ཚུན་དུ་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲོམ་རས་ཕྱོགས་སྟོན་དང་། ཁེ་ལས་ཀྱིས་བྱེད་པོ། གསར་གཏོད་ཀྱིས་སྒུལ་ཤུགས་བཅས་བྱེད་པ་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྤུས་རྟགས་འཛུགས་གཏོད་ཀྱི་བྱ་སྤྱོད་སྤེལ་ཏེ། སྤུས་རྟགས་འཛུགས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་དང་། སྤུས་རྟགས་འཛུགས་སྐྱོང་གི་ཁོར་ཡུག་འཐུས་སྒོ་ཚང་དུ་གཏོང་བ། སྤུས་རྟགས་ཀྱི་གྲངས་འབོར་མང་དུ་གཏོང་བ། སྤུས་རྟགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་རུ་གཏོང་བ་དང་། ཕན་འབྲས་ཆེ་རུ་གཏོང་བ། རིམ་སྤོར་བཅས་ལ་རྒྱུན་མཐུད་སྒུལ་ཤུགས་བསྣན་ཡོད།

    “མཐའ་འཁྱོངས་ལྔ”ལ་བརྟེན་ནས་འགན་སྲུང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ།

    རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་སྤུས་རྟགས་འཛུགས་གཏོད་མགྱོགས་སུ་གཏོང་བ་དང་། སྤུས་རྟགས་ཀྱི་སྣེ་ཁྲིད་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་པ། མཁོ་སྤྲོད་ཀྱི་གྲུབ་ཆ་དང་དགོས་མཁོའི་གྲུབ་ཆ་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“མཐའ་འཁྱོངས་ལྔ”ལ་བརྟེན་ནས་སྤུས་རྟགས་འཛུགས་གཏོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

    སྲིད་གཞུང་གིས་སྐྱེད་སྲིང་མཐའ་འཁྱོངས་བྱེད་པ། སྤུས་རྟགས་འཕེལ་རྒྱས་ཀྱི་ཞིབ་འཇུག་དང་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་ལག་རྩལ་གྱི་རྨང་གཞི་བརྟན་དུ་གཏོང་བ། “ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་འདེགས་ལེགས་གཏོང”བཅས་ལ་སྐུལ་འདེད་བཏང་ནས་སྤུས་རྟགས་སྐྱེད་སྲིང་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད།

    ཁེ་ལས་ཀྱི་བྱེད་པོ་མཐའ་འཁྱོངས་བྱེད་པ། སྤུས་རྟགས་འཛུགས་གཏོད་བྱེད་རིང་ཁེ་ལས་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་རྟགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རང་རྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་རྟགས་མཐོར་གཏོང་གི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཡོད། ཕྱོགས་ཡོངས་ཀྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་སྤུས་རྟགས་མཐོར་གཏོང་གི་སྤུས་ཚད་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

    ཁྲོམ་རའི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ། ཐོན་ཁུངས་བཀོད་སྒྲིག་བྱེད་རིང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་བཏོན་ཏེ། འཛད་སྤྱོད་ཀྱི་དགོས་མཁོར་དམིགས་ནས་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་བཏང་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་སྤུས་རྟགས་བཏོད་པ་བརྒྱུད་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་མཐོ་རུ་ཕྱིན་ཡོད།

    སྤྱི་ཚོགས་ཀྱི་མཉམ་སྐུལ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། སྤྱི་ཚོགས་སྐུལ་འདེད་ཀྱི་ལས་སྟེགས་སྐྲུན་པ། སྤྱི་ཚོགས་ཀྱི་མཚམས་སྦྱོར་རྩ་འཛུགས་དང་། གསར་འགྱུར་སྨྱན་སྦྱོར། སྤྱི་དམངས་བཅས་ཀྱི་ནུས་པ་འདོན་པ། སེམས་ནུས་གཅིག་སྒྲིལ། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་བྱས་ཏེ་སྤུས་རྟགས་མཐོར་གཏོང་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།

    གོང་འོག་མཉམ་འགུལ་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)རིམ་པ་གཉིས་ཀྱིས་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ། ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་སྤུས་རྟགས་གཏོད་པ་དང་སྤུས་རྟགས་བརྩོན་ལེན་ལ་སྲིད་ཇུས་དང་ཞབས་ཞུའི་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་སྤུས་རྟགས་འཛུགས་གཏོད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    སྤུས་རྟགས་གཏོད་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

    སྤུས་རྟགས་ནི་གཟུགས་མེད་ཀྱི་རྒྱུ་ནོར་དང་། ལྟེ་བའི་འགྲན་ནུས། དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོ་བཅས་རེད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོན་རྟགས་ཤིག་ཀྱང་རེད།

    མིག་སྔར“སའི་གོ་ལའི་སྣེ་གསུམ་པའི”ཚོང་རྟགས་རེ་ཞུ་ཚོང་རྟགས་ཆེ་གྲས་རིགས་44ཡི་ནང་ཐོ་བཀོད་ཐུབ་ནས་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་རྨང་གཞིའི་ཆ་རྐྱེན་མཁོ་འདོན་བྱས་ཡོད།

    དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བོད་ཀྱི་ཁྱད་ལྡན་ཐོན་ལས་དང་ལེགས་ཆའི་ཐོན་ལས་ལ་དམིགས་ནས་ཁེ་ལས་ཀྱིས་ཀྲུང་གོའི་སྤུས་ཚད་བྱ་དགའ་བརྩོན་ལེན་ལ་སྐུལ་ལྕག་བྱས་པ་དང་། འདི་ལོ་ཁེ་ལས་4ཀྲུང་གོའི་སྤུས་ཚད་བྱ་དགའ་སྐབས་བཞི་པར་རེ་འདུན་ཞུས་པར་འོས་སྦྱོར་བྱས་པ་རེད། བོད་ཀྱིས་སྤུས་ཚད་བྱ་དགའ་དཔྱད་འདེམས་གོ་སྐབས་སུ་བྱེད་པ་དང་ཆབས་ཅིག་སྔོན་ཐོན་སྤུས་ཚད་དོ་དམ་དང་ཚོང་རྟགས་སྤུས་རྟགས་སྐྱེད་སྲིང་ལ་དམིགས་ནས་སྤུས་ཚད་ཀྱི་ཚད་ཤིང་འཛུགས་པ་དང་སྤུས་ཚད་སྔོན་ཐོན་དར་སྤེལ་བཏང་ཡོད།

    ཚོང་རྟགས་ཐོ་འགོད་སྟབས་བདེ་ཅན་གྱི་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཁེ་བེད་བདག་ཐོབ་དང་ཚོང་རྟགས་ལས་སྒོའི་སྐར་ཁུང་ཐད་གཅིག་འཐུས་གཉེར་བའི་བྱེད་ཐབས་སྤྱད་པར་བརྟེན་ཚོང་རྟགས་ཐོ་འགོད་ཀྱི་ཞིབ་དཔྱད་སྤུས་ཚད་ལ་སྐུལ་མ་ཐེབས་པ་དང་ཚོང་རྟགས་ཐོ་འགོད་ཀྱི་ཚུལ་མིན་བྱེད་སྤྱོད་གཏན་འགོག་ཐུབ་ཡོད། མིག་སྔའི་བར་རང་ལྗོངས་སུ་ཚོང་རྟགས་ཐོ་འགོད་བྱེད་ཚད་40583ཟིན་པ་དེ་དུས་མཚུངས་ལས་25.3%འཕར་བ་དང་། ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་120དང་། ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་36 ཀྲུང་གོའི་གྲགས་ཅན་ཚོང་རྟགས་16བཅས་ཟིན་ཡོད།

    གཙོ་གནད་ཁྱབ་ཁོངས་ཀྱི་ཚད་གཞིའི་མ་ལག་མགྱོགས་མྱུར་བསྐྲུན་པ་དང་། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་དང་། ཞབས་ཞུའི་ལས་རིགས། སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ་སོགས་དཔེ་སྟོན་ཁུལ་བསྐྲུན་པའི་ལས་དོན་སྤེལ་བ། དཔེ་སྟོན་ཁུལ་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་འདོན་པ་བཅས་བྱས་པར་བརྟེན། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སོགས་ལ་ཕན་འབྲས་བཟང་པོ་ཐོན་རྒྱུར་རམས་འདེགས་དང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།

    སྤུས་རྟགས་འཕེལ་རྒྱས་ཀྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་བ།

    སྤུས་རྟགས་ནི་ཁེ་ལས་དང་ཐ་ན་རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་པའི་ཕྱོགས་བསྡུས་ཀྱི་མངོན་ཚུལ་ཞིག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གནད་ཅིག་ཡིན་ཞིང་། སྤུས་རྟགས་འཛུགས་གཏོད་དང་སྤུས་རྟགས་དྲིལ་བསྒྲགས་དབར་འབྲེལ་བ་དམ་ཟབ་ཡོད།

    དེར་བརྟེན་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཁེ་ལས་ཀྱི་སྤུས་རྟགས་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ཡོད།

    སྤུས་རྟགས་དྲིལ་བསྒྲགས་འོས་སྦྱོར་ངོ་སྤྲོད་ལ་ཤུགས་སྣོན་བརྒྱབ་པ། སྨྱན་སྦྱོར་གྱི་ནུས་པ་གང་ལེགས་འདོན་པ་དང་། སྤུས་རྟགས་ཀྱི་སྤྱི་ཕན་དྲིལ་བསྒྲགས། ཁེ་ལས་ཀྱི་དྲིལ་བསྒྲགས་སྤུས་རྟགས་ལ་སྐུལ་ལྕག་དང་ཁྲིད་སྟོན་བཅས་བྱས་ཏེ་ཐོན་རྫས་ཀྱི་མིང་གྲགས་ཆེ་རུ་བཏང་ཡོད། ཁེ་ལས་སྒྲིག་འཛུགས་བྱས་ནས་2020ལོའི་རྒྱལ་སྤྱིའི་སྤུས་རྟགས་ཚོང་རྟགས་དུས་ཆེན་སྐབས་བཅུ་གཉིས་པར་ཞུགས་པ་དང་། རང་ལྗོངས་ཀྱི“སའི་གོ་ལའི་སྣེ་གསུམ་པ”དང་ལྷ་ས་ས་གཙང་སོགས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དང་དེ་བཞིན་ནག་ཆའི་དབྱར་རྩྭ་དགུན་འབུ་དང་། སྙེ་མོའི་སྤོས། བོད་སྨན་སོགས་ས་ཁམས་མཚོན་རྟགས་ཐོན་རྫས་གཅིག་སྡུད་བཏོན་པ་དང་ཆབས་ཅིག “སྤུས་ཚད་ཟླ་བ”དང“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད།

    བཅའ་ཁྲིམས་ལ་བརྟེན་ནས་སྤུས་རྟགས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་བཅའ་ཁྲིམས》དང་། 《ཚོང་རྟགས་བཅའ་ཁྲིམས》《ཁེ་བེད་བདག་ཐོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱས་ནས་སྤུས་རྟགས་སྲུང་སྐྱོང་གི་ཁྲིམས་འཛིན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ཁྲིམས་འཛིན་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་བ། མཉམ་འབྲེལ་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲགས་ཅན་ཐོན་རྫས་དང་། ཚོང་རྟགས། ས་ཁམས་མཚོན་རྟགས། ཁེ་བེད་བདག་ཐོབ་སོགས་ཤེས་བྱའི་བདག་དབང་ལ་གཙན་གནོད་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།