དབུ་ཤོག>གསར་འགྱུར།
  • ཡངས་པའི་ས་གཞི་གཤིན་པོར་ལོ་ལེགས་འབྲས་བཟང་སྨིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-01

    822517_yis_1627142400000_s.jpg

    འདི་ནི་ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ་བཞིན་པའི་སྟག་རྩེ་ཆུས་ཡིན་པ།

    ལོ་ལྔ་ཡི་རིང་། ཞིང་ཕན་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། ཞིང་འབྲོག་ལས་ཀྱི་གཏོང་སྒོ་ཆེས་ཆེར་འཕར་བ་དང་། ཚན་རྩལ་ཁྱབ་གདལ་གཏོང་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ། ཞིང་འབྲོག་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་དང་ཞིང་ལས་ཀྱི་སྤུས་རྟགས་གཏོད་པར་སྐུལ་འདེད་གཏིང་ཟབ་ཐེབས་པ་བཅས་ལྷ་སའི་ཡངས་པའི་ས་གཞིར་ཞིང་འབྲོག་ལས་ཟམ་མི་ཆད་པར་འཕེལ་རྒྱས་སྟོབས་ཆེར་དང་ཞིང་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་རྒྱུན་འཁྱོངས་ཀྱི་དགའ་འོས་པའི་རྣམ་པ་ཐོན་ཡོད།

    འདེབས་གསོའི་ལས་རིགས་ཀྱི་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་ཕྱིན་པ།

    ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྐས་རིམ་གསར་པར་སླེབས་པ།

    ད་ཕན་ལོ་ཤས་རིང་། སྟག་རྩེ་ཆུས་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་ལྷ་སའི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་དང་ཟུང་འབྲེལ་བྱས་ཏེ་གཙོ་ཁྲིད་ཐོན་ལས་ཀྱི་འཁོར་འབྲེལ་ཟམ་མི་ཆད་པར་སྣུར་སྲིང་བྱས་པར་བརྟེན། དེང་རབས་ཀྱི་ཁྱད་ལྡན་ཞིང་ལས་རིམ་བཞིན་གྲུབ་ནས་2021ལོའི་ལོ་སྟོད་དུ་ཐོན་སྐྱེད་རིན་ཐང་སྒོར་ཁྲི་3000ཙམ་ཟིན་པ་དང་། མི་70ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱུང་བ། ངལ་ནུས་ཕྱིར་གཏོང་མི་ཐེངས་7000ཙམ་བྱས་པར་ཆ་སྙོམས་མི་རེར་ཟླ་རེར་གླ་ཆ་སྒོར་4800རག་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ཤིག་རེད།

    ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་འདེབས་འཛུགས་གསོ་ཚགས་གཞི་ཁྱོན་རིམ་གྱིས་ཆེ་རུ་ཕྱིན་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྐས་རིམ་གསར་པར་སླེབས་ཡོད། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་70.2ཟིན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་10%འཕར་ཡོད། འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་ལོར་ཆ་སྙོམས་མུའུ་ཁྲི་41ཡན་དང་ཐོན་འབོར་ཏུན་ཁྲི་15ཙམ་རྒྱུན་འཁྱོངས་བྱུང་ཡོད། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་7.5ཡན་རྒྱུན་འཁྱོངས་ཐུབ་སྟེ་ཐོན་འབོར་ཏུན་དུང་ཕྱུར་27.5མཐོ་རུ་ཕྱིན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལོར་ཆ་སྙོམས་5.05%འཕར་ཡོད། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་55.11བསྐྲུན་ཏེ“ཞིང་བརྟེན་འབྲུ་གསོག”ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། “བོད་ནས་ཨང་2000”དང་། “ཧི་མ་ལ་ཡ་ཨང་22”“དགུན་ནས་ཨང་18”“བོད་ནས་ཨང་320”སོགས་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཚད་90%ཟིན་པ་དང་། ལོར་ཆ་སྙོམས་བྱས་ན་ས་དཔྱད་ལུད་སྦྱོར་གྱི་རྒྱ་ཁྱོན་མུའུ་ཁྲི་28ཟིན་ནས“རྩལ་བརྟེན་འབྲུ་གསོག”ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

    འདམ་གཞུང་རྫོང་དང་། སྟག་རྩེ་ཆུས། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་བཅས་རྫོང(ཆུས)5གཙོ་བོར་བྱས་པའི་འབྲི་གཡག་གཞི་ཁྱོན་ཅན་གྱི་སྒོ་ནས་གཅིག་སྡུད་གསོ་ཚགས་བྱས་པ་དང་འབྲི་གཡག་བཤས་ཚད་2017ལོར་མགོ་གྲངས་6127ནས་2020ལོའི་མགོ་གྲངས་ཁྲི་1.82བར་འཕར་བ་དང་། ཤ་རིགས་ཀྱི་ཐོན་འབོར་ཏུན་ཁྲི་4.6ཟིན་ཡོད། བཞོན་མ“ཁྲི་བརྒྱ་བཅུ”ཡི་གསོ་ཚགས་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རིམ་རྩིས་བྱས་ན་བཞོན་མའི་དཔེ་སྟོན་དུད་ཚང་ཁྲི་1ཟིན་པ་དང་། ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་55བསྐྲུན་པ། ཚད་གཞི་མཐོ་བའི་གསོ་ཚགས་ལྟེ་གནས་7ཟིན་པ། ཧོ་སི་ཐན་གྱི་བཞོན་མ་དང་ཅོན་ཧྲན་གྱི་སྤུས་ལེགས་བཞོན་མ་མགོ་གྲངས་9144ནང་འདྲེན་བྱས་པ། ད་ཆ་ལག་ཡོད་བཞོན་མ་མགོ་གྲངས་ཁྲི་9ཟིན་པ། འོ་མའི་ཐོན་ཚད་ཏུན་ཁྲི་14.2ཟིན་པ། འབྲོག་ལས་ཀྱི་རྒྱུད་བཟང་ཁྱབ་ཚད་38%ཟིན་པ་བཅས“ལོ་ལྔ་ཚན་བཅུ་གཉིས་པ”ལས་བརྒྱ་ཆའི་གྲངས་9འཕར་ཡོད།

    དེང་རབས་ཅན་གྱི་གཉེར་སྐྱོང་གཞི་ཁྱོན་རགས་ཙམ་ཆགས་པ།

    ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ཆུ་ཚད་གསར་པར་སླེབས་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲེལ་ཁྱབ་ཁོངས་ཀྱི་རྣམ་གྲངས་250ལྷག་ཙམ་བསྐྲུན་པའི་ནང་གཙོ་བོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། ཞིང་ཁའི་ཆུ་བེད། སྒྲིག་བཀོད་ཞིང་ལས། ནགས་བཟོ་སྔོ་འགྱུར་སོགས་ཚུད་ཡོད། རྣམ་གྲངས་དེ་དག་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་139.3བཏང་བའི་ནང་ཞིང་འབྲེལ་རྣམ་གྲངས་154ལེགས་གྲུབ་ཟིན་ཡོད། མ་དངུལ་སྒོར་དུང་ཕྱུར་100.5བཏང་སྟེ་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་485ལག་བསྟར་བྱས་པ་དང་། རྣམ་གྲངས་444ལེགས་གྲུབ་ཟིན་པ། རྣམ་གྲངས་བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་མ་ཟད་དཔལ་འབྱོར་ཕན་འབྲས་ཐོན་པའི་རྣམ་གྲངས་340ཡོད་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་ལ་བགོ་འགྲེམས་རག་པ་དང་མི་ཁྲི་3.6ལས་ཞུགས་ཐུབ་པ་དང་། འབབ་འཕར་སྒོར་དུང་ཕྱུར་1.38བྱུང་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་དཔེ་སྟོན་ཁང་8དང་། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་དཔེ་སྟོན་ཁང་15 གྲོང་ཁྱེར་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་དཔེ་སྟོན་ཁང་103བཅས་ཡོད་པ་ཚང་མ་ཞིང་འབྲོག་ལས་ཀྱི་འདེབས་འཛུགས་གསོ་ཚགས་ཐོན་སྐྱེད་ལས་སྣོན་དང་། ཞིང་འཕྲུལ་ཞབས་ཞུ། མི་རིགས་ལག་ཤེས་བཟོ་ལས། འཛུགས་སྐྲུན་སྐྱེལ་འདྲེན་སོགས་ལ་ཁྱབ་ཡོད། རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས་8དང་། རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་7 གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་43བཅས་ཡོད། རིམ་རྩིས་བྱས་ན་རྒྱལ་ཁབ་རིམ་པའི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་9འཕེལ་རྒྱས་བཏང་བ་དང་། གྲོང་ཁྱེར་རིམ་པའི་ཁྱིམ་ཚང་ཞིང(འབྲོག)ར་60བདམས་ཐོན་བྱུང་བ། གྲོང་ཁྱེར་རིམ་པའི་དེང་རབས་ཞིང་འབྲོག་པའི་ཐོན་ལས་གླིང་4ཡོད་པའི་ཁྲོད། ཁྲེང་ཀོན་ཆུས་ཀྲེ་ཀྲའོ་དེང་རབས་ཞིང་ལས་ཐོན་ལས་གླིང་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་འབྲོག་པའི་ཐོན་ལས་གླིང་ལ་བདམས་པ་དང་། འདམ་གཞུང་རྫོང་འབྲི་གཡག་ཐོན་ལས་གླིང་རང་སྐྱོང་ལྗོངས་རིམ་པའི་དེང་རབས་ཞིང་འབྲོག་པའི་ཐོན་ལས་གླིང་ལ་བདམས་ཡོད།

    ལོ་ལྔ་ཡི་རིང་། གྲོང་ཁྱེར་ཡོངས་ཀྱི་ཞིང་ནང་ཆུ་འདྲེན་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.02བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་21.68%འཕར་བ་དང་ལེགས་བཅོས་ཆུ་འདྲེན་ས་ཁྱོན་མུའུ་ཁྲི་23.05དང་། ཆུ་གྲོན་ཆུང་གི་ཆུ་འདྲེན་ས་ཁྱོན་མུའུ་ཁྲི་1.51 རྩྭ་རའི་ཆུ་འདྲེན་ས་ཁྱོན་མུའུ་ཁྲི་2.1བཅས་གསར་འཕར་བྱུང་ཡོད།

    ཞིང་ལས་འཕྲུལ་ཆས་ཅན་གྱི་འཕེལ་རིམ་མྱུར་བ།

    ཞིང་འཕྲུལ་སྤྱོད་པའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ།

    ཞིང་ལས་འདེབས་འཛུགས་གཅིག་སྡུད་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་ལྷུན་གྲུབ་རྫོང་གི་རྨོ་འདེབས་བརྔ་བསྡུའི་བརྒྱུད་རིམ་ཚང་མ་འཕྲུལ་ཆས་ཅན་འགྱུར་ཞིང་། དེའི་ནང་ཆུ་ཁ་བྱང་གྲོང་ཚོར་2018ལོར་ལྷོ་མ་ཚང་ཞིང་འཕྲུལ་མཉམ་ལས་ཁང་བཙུགས་པ་དང་མཉམ་ལས་ཁང་གིས་མ་དངུལ་སྒོར་ཁྲི་10000ཙམ་བཏང་ནས་འཕྲུལ་ཆས་100ལྷག་ཙམ་ཉོས་པས་གྲོང་མི་ཚོར་འཕྲུལ་ཆས་ཅན་གྱི་ཞིང་འདེབས་ཁེ་སྤོགས་ཐོབ་པ་རེད།

    2020ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་111ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་ཆན་ཝ་ཁྲི་55.5འཕར་བ་དང་ཞིང་འཕྲུལ་སྒྲིག་ཆས(ཆ་ཚང)ཁྲི་10.32ཟིན་གྱི་ཡོད་པ་རེད། འཕྲུལ་ཆས་ཀྱིས་རྨོ་ཁྱོན་མུའུ་ཁྲི་52.81ཟིན་པ་དང་། འཕྲུལ་ཆས་ཀྱིས་འདེབས་ཁྱོན་མུའུ་ཁྲི་49.77ཟིན་པ། འཕྲུལ་ཆས་ཀྱིས་བསྡུ་ཁྱོན་མུའུ་ཁྲི་44.83ཟིན་པ་དང་ཕྱོགས་བསྡུས་འཕྲུལ་ཆས་ཅན་རྨོ་འདེབས་ཚད་གཞི་82%ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་5འཕར་ཡོད། གྲོང་ཁྱེར་ཡོངས་སུ་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་31ཡོད་པ་དང་ཞིང་ལས་འཕྲུལ་ཆས་ལ་བརྟེན་ནས་ལོའི་ཞིང་འདེབས་རྒྱ་ཁྱོན་མུའུ་ཁྲི་27ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།