དབུ་ཤོག>གསར་འགྱུར།
  • རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-31

     ཉེ་ཆར། རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་ཉིང་ཁྲིར་འཚོགས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བསྡོམས་རྩིས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཕྱོགས་སྡོམ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་སྐྱོར་ལས་འགན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཅིག་ལྕོགས་ཉིང་ཅི་ཀྲེས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་ཤིས་ཚིག་གསུངས་པ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལི་ཞའོ་ཁྲའོ་ཡིས་གཙོ་སྐྱོང་གནང་བ་རེད།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་རྒྱལ་ཁབ་བསྡོམས་རྩིས་ཅུས་དང་རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་།  ཁོང་གིས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་སྐབས་སུ་ད་ཐེངས་ཀྱི་ཚོགས་འདུ་འཚོགས་པ་དེ་ཐོག་ནས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཚད་མཐོའི་རང་རྟོགས་དང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ལུགས་གང་ལེགས་མཚོན་ཡོད། དུས་ཡུན་རིང་པོའི་ནང་། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཁ་གཏད་བོད་སྐྱོར་བྱེད་ཤུགས་རྒྱུན་མཐུད་ནས་ཆེ་རུ་བཏང་བས་བོད་ཀྱི་བསྡོམས་རྩིས་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ང་ཚོས་ངེས་པར་དུ་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པར་ཤུགས་བརྒྱབ་ནས་བོད་ཀྱི་བསྡོམས་རྩིས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    ཉིང་ཅི་ཀྲེས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བསྡོམས་རྩིས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱིས་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་རོགས་སྐྱོར་བྱ་ཡུལ་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཁག་གཅིག་གིས་གཏམ་བཤད་སྤེལ་བ་རེད།

    བོད་དུ་སྡོད་རིང་ཉིང་ཅེ་ཀྲེས་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་གཞི་རིམ་གྱི་བསྡོམས་རྩིས་བརྟག་དཔྱད་ལས་དོན་སྤེལ་ཚུལ་སོགས་ལ་བརྟག་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།