དབུ་ཤོག>གསར་འགྱུར།
  • “གོ་ལྔའི་ནང་སྐྱེས”ཀྱི་བོད་རིགས་གཞོན་ནུ་མ་ཕ་ཡུལ་དུ་ལོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-07-29

    1995ལོར་སྐྱེས་པའི་ཚེ་དབང་སྒྲོལ་མ་2019ལོར་བོད་ལྗོངས་མི་རིགས་སློབ་ཆེན་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ནས་ཐོན་རྗེས། རང་གི་ཕ་ཡུལ་ཏེ། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ཐ་གླིང་གྲོང་ཚོར་ལོག་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཞིག་བྱས་པ་རེད། ཁོ་མོས་གྲོང་ཁྱེར་དུ་སྦྱངས་པའི་ཕྱིར་ཚོང་བྱེད་སྟངས་གསར་པ་གྲོང་ཚོར་ཁྱབ་གདལ་བཏང་ཞིང་། བརྙན་ལམ་འབེབས་འཇུག་དང་ཐད་གཏོང་བྱས་ཏེ་ཕ་ཡུལ་གྱི་ཐོན་རྫས་ཀྱི་མགྲིན་ཚབ་པ་ཞིག་བྱས་ནས་ཕྱིར་བཙོངས་པར་ན་ནིང་ལོ་གཅིག་གི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཟིན་ཡོད།


    865423_yis_1627488000000_s.jpg

    འདི་ནི་ཟླ་7ཚེས་22ཉིན་ཚེ་དབང་སྒྲོལ་མས(གཡོན)ཟླ་བའི(དཀྱིལ)ཕྲུ་གུའི་གདོང་ལ་བྱིལ་བྱིལ་བྱེད་བཞིན་ཡོད་པ་དང་། འདས་པའི་ལོ་གཅིག་རིང་། ཁོ་མོས་ཟླ་བར་ཨ་ཤོམ་སོགས་ཁྱད་ལྡན་ཐོན་ཟོག་འཚོང་རོགས་བྱས་པ་རེད།


    865421_yis_1627488000000_s.jpg

    འདི་ནི་ཟླ་7ཚེས་22ཉིན་ཚེ་དབང་སྒྲོལ་མས་ཁྱིམ་ནས་ཐད་གཏོང་བྱེད་སྐབས་ཚོང་ཟོག་སྟོན་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།