
འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་གྱི་ལྟ་སྐྱོང་བས་མི་ཧྲེང་རྒན་རྒོན་ལ་ལྟ་སྐྱོང་བྱེད་བཞིན་པ།
རང་ལྗོངས་ཀྱིས་2013ལོ་ནས་བཟུང་གྲོང་གསེབ་ཀྱི་འགན་ལེན་ལྔའི་རྒན་རྒོན་ལ་རྫོང་རིམ་པ་ཡན་གྱི་གཅིག་སྡུད་བསྙེན་བཀུར་བྱས་ཚུན། འགན་ལེན་ལྔའི་རྒན་རྒོན་100%སྔོན་ལ་གཅིག་སྡུད་བསྙེན་བཀུར་ཐུབ་སྟེ“རྒས་དུས་གསོ་མཁན་ཡོད་པ་དང་། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་སེམས་པ་སྐྱིད་པ། རྒས་དུས་སྨན་བཅོས་ཐུབ་པ”བཅས་ཀྱི་ཁོར་ཡུག་ཅིག་ཧུར་ཐག་བཏོད་ནས་མི་ཧྲེང་རྒན་རྒོན་ཚོར་ཏང་དང་རྒྱལ་ཁབ་ཀྱི་དྲོ་སྐྱིད་གང་ལེགས་ཚོར་ཐུབ་པ་བྱས་ཡོད།