དབུ་ཤོག
  • གཟའ་འཁོར་འདིར་བོད་ཀྱི་ས་ཆ་ཁག་ལ་ཆར་པ་ཡང་སེ་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-07-26

    ཟླ་7ཚེས་25ཉིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། གཟའ་འཁོར་འདིར(ཟླ་7ཚེས་26ནས་ཟླ་8ཚེས་1ཉིན་བར)ཆར་པ་ཡང་སེ་འབབ་རྒྱུ་མ་ཟད། འབྲུག་ཆར་དང་། དྲག་ཆར། སྤྲིན་ཆར་སོགས་འབབ་རྒྱུ་རེད་འདུག

    བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པའི་སྔོན་བརྡར་གཞིགས་ན།


    གཟའ་ཟླ་བར།

    ནག་ཆུའི་དབུས་ཤར་རྒྱུད་དང་། ཉིང་ཁྲི། ཆབ་མདོ། གཞིས་རྩེ། ལྷ་ས་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ། ལྷོ་ཁ་དང་མངའ་རིས་ཀྱི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། དེ་མིན་གྱི་ས་ཁུལ་དུ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།


    གཟའ་མིག་དམར་ནས་ལྷག་པ་བར།

    ཉིང་ཁྲི་དང་། ཆབ་མདོའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། མེ་ཏོག་ནས་ལེགས་པོ་རོང་དུ་དྲག་ཆར་འབབ་རྒྱུ། གཞིས་རྩེ་དང་། ལྷོ་ཁའི་བྱང་རྒྱུད། ལྷ་ས་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ་འབྲིང་བ་འབབ་རྒྱུ།


    གཟའ་ཕུར་བུ་ནས་པ་སངས་བར།

    ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ཆབ་མདོའི་ལྷོ་རྒྱུད་དང་། མངའ་རིས། ཡར་ཀླུང་གཙང་པོའི་དབུས་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ།


    གཟའ་མཇུག་ལ།

    གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲི་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། མངའ་རིས་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། དེ་མིན་གྱི་ས་ཁུལ་དུ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

    གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན། ཁ་ལོ་བ་ཚོས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་། ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེར་དོགས་ཟོན་ཡག་པོ་བྱེད་དགོས།


    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།