དབུ་ཤོག
  • སློབ་གྲྭ་འབྲིང་ཆུང་གི་ནང་དུ་ཚོང་ཁང་སོགས་འཛུགས་མི་ཆོག་པ་བཟོས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-07-26

      ཉེ་ཆར་སློབ་གསོ་པུས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བཞི་དང་མཉམ་དུ《འཚོ་བཅུད་དང་བདེ་ཐང་གི་སློབ་གྲྭ་འཛུགས་སྐྱོང་བྱེད་པའི་ཕྱོགས་སྟོན》བཀྲམ་ནས། གཞོན་ནུ་ལོ་ཆུང་གི་འཚར་ལོངས་དགོས་མཁོར་འཚམ་པ་དང་། སློབ་གྲྭའི་འཚོ་བཅུད་དང་བདེ་ཐང་གི་ལས་དོན་ལ་སྐུལ་འདེད་གཏོང་བ། སློབ་གྲྭའི་འཚོ་བཅུད་དང་བདེ་ཐང་གི་འབྲེལ་ཡོད་དོ་དམ་བྱེད་སྟངས་ཚད་ལྡན་དུ་གཏོང་བ་བཅས་ལ་བླང་བྱ་བཏོན་པ་རེད།   


    111.png

      《ཕྱོགས་སྟོན》ནང་གཏན་འབེབས་འདི་སྤྱོད་པའི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་པ་སྟེ། ཉིན་གང་ལམ་ལུགས་ཀྱི་སློབ་གྲྭ་འབྲིང་ཆུང་དཀྱུས་མའི་འཚོ་བཅུད་དང་བདེ་ཐང་གི་སློབ་གྲྭ་འཛུགས་སྐྱོང་ཐད་སྤྱད་ན་འཚམ་པ་དང་། མཐོ་སློབ་དཀྱུས་མ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ བུ་བཅོལ་ཁང་བཅས་ཀྱིས་འཚོ་བཅུད་དང་བདེ་ཐང་གི་སློབ་གྲྭ་འཛུགས་སྐྱོང་བྱེད་པར་དཔེ་བལྟས་ནས་ལག་བསྟར་བྱ་ཆོག་པ་གསལ་པོ་བཏོན་ཡོད།

      《ཕྱོགས་སྟོན》ནང་སློབ་གྲྭ་འབྲིང་ཆུང་གི་ནང་དུ་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་འཛུགས་མི་ཆོག་པའི་གཏན་འབེབས་གསལ་པོ་བྱས་ཡོད་པ་སྟེ། 《ཕྱོགས་སྟོན》གྱི་དོན་ཚན་ཉེར་ལྔ་པར་སློབ་གྲྭའི་ནང་ཚོང་ཁང་ཆུང་ཆུང་དང་སྒོ་རྩིས་ཚོང་ཁང་སོགས་ཟས་རིགས་འཚོང་ས་འཛུགས་མི་ཆོག་པ་དང་། ཚྭ་མང་བ་དང་། མངར་ཆ་མང་བ། ཞག་ཚི་མང་བ་བཅས་ཀྱི་ཟས་རིགས་དང་ཨ་རག་གི་ཉིང་ཁུ་འདུས་པའི་བཏུང་བྱ་འཚོང་མི་ཆོག མངར་ཆ་འདུས་པའི་བཏུང་བྱ་དང་བྲོ་རྫས(调味面)ཀྱིས་བཟོས་པའི་བཟའ་བཅའ་སོགས་ཀྱི་ཞོར་ཟས་བརྡ་ཁྱབ་གཏོང་མི་ཆོག་ཅེས་བཏོན་ཡོད་པ་རེད།

    222.jpg

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།