དབུ་ཤོག>གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-23

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུཌ་པ་དེ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཟུང་འབྲེལ་བཞི”དམ་འཛིན་བྱ་གཞིར་བྱེད་པ་དང་། རྫོང(ཆུས)བདུན་གྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་ནས་ནང་དོན་ཕུན་སུམ་ཚོགས་ལ་བྱེད་ཐབས་སྣ་མང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཤིང་། དྲིལ་བསྒྲགས་བྱེད་སྐབས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་དང་། མི་རིགས་ཆོས་ལུགས་ལས་དོན་གྱི་རྣམ་བཤད་གལ་ཆེན། དེ་བཞིན《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》དང《ཆོས་ལུགས་ལས་དོན་སྐོར་གྱི་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམ་པོར་དམིགས་ཏེ། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱི་ལས་བྱེད་པས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཁོང་དུ་ཆུད་པ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་པའི་འཇོན་ཐང་དང་ཆུ་ཚད་མཐོར་གཏོང་། སྤྱི་ཚོགས་མཐུན་སྒྲིལ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེར་གཏོང་། ཆོས་ལུགས་ལས་རིགས་ཀྱིས་འདུལ་ཁྲིམས་དང་བསྟན་དོན་ལ་དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་དང་འཚམ་པའི་འགྲེལ་པ་རྒྱག་རྒྱུར་ཁྲིད་སྟོན་བཅས་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ནུས་ལྡན་ཞིག་ལ་འགྱུར་བ་བྱས་ཡོད།

    རྒྱུན་རྣམ་ཅན་བཞིན“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྲིད་སྟོན་ཐད་རྒྱུན་མཐུད་ཤུགས་རྒྱག་པ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཕྱོགས་པ་བཅས་བྱས་ཏེ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས“ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་འདོགས་དགོས་མིན”ཤོད་པ་དང་། “ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་དང་མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པའི”འབྲེལ་བ་གསལ་པོ་ཤོད་པ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། རང་རྟོགས་ངང་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ་བཅས་བྱས་ནས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཡོད།

    མི་ཆོས་ཐུགས་ཁུར་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཤིང་། རྒྱ་ཆེའི་དགོན་སྡེའི་ལས་བྱེད་པ་དང་དགེ་འདུན་མང་ཚོགས་ལ་འཚམས་འདྲི་ཡག་པོ་བྱེད་པ་དང་། ཁོང་ཚོ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་ཁོང་ཚོའི་དཀའ་ངལ་དང་རེ་བ་ཤེས་རྟོགས་བྱེད་པ་དང་ཁོང་ཚོར་དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས། མི་རིགས་ཆོས་ལུགས་ལས་དོན་བརྟན་ལྷིང་དང་མཐུན་སྒྲིལ་གྱི་རྣམ་པ་གསར་པ་གཏོད་ཆེད་མི་སེམས་གཅིག་སྒྲིལ་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།