གནས་སྤོས་དབུལ་སྐྱོར་མང་ཚོགས་གཞིས་ཆགས་ཐུབ་པ་དང་། མཉམ་འདྲེས་ཐུབ་པ། གང་མགྱོགས་ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་ནས་གནས་སྤོས་དབུལ་སྐྱོར་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱས་ཏེ་གནས་སྤོས་དབུལ་སྐྱོར་མང་ཚོགས་དེ་བས་མང་བས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱ་ཆེད། ཉེ་དུས་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་གིས“བརྩེ་སེམས་ཟབ་མོས་དྲོ་སྐྱིད་སྦྱིན། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་བའི་ཉིན་དེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་གི་ལས་བྱེད་པས“སེམས་སྦྲེལ་ཡན་ལག་རུ་ཆུང”7བཙུགས་ནས་དུད་ཚང་དུ་འཚམས་འདྲིར་བསྐྱོད་དེ་གནས་སྤོས་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས་ཁོང་ཚོའི་དཀའ་ངལ་དངོས་ཤེས་རྟོགས་ཞིབ་ཕྲ་བྱེད་པ་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དྲིལ་བསྒྲགས་ཧུར་ཐག་བྱེད་པ། གནས་སྤོས་མང་ཚོགས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་དགོས་པའི་སྐུལ་ལྕག་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོར་ཁྱོན་ཏང་ཡོན་ལས་བྱེད་པ་27གྱིས་དུད་ཚང་130ཡི་གནས་སྤོས་མང་ཚོགས་ལ་རིན་ཐང་སྒོར་25350རི་བའི་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚམས་འདྲིའི་དངོས་པོ་སྤྲད་ཡོད་པ་རེད།