ཏང་གི་སྲིད་ཇུས་མཐའ་མཚམས་ཁུལ་ལ་ཁྱབ། གྲོང་གསེབ་དར་རྒྱས་རྣམ་པ་གསར་པ་མངོན།
འདི་ནི་ཉི་མ་ལྕང་ར་ཤང་གི་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག་ཡིན་པ།
འདི་ནི་མལ་གྲོའི་པད་ཁའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པར་ཞུགས་མཁན་ས་གནས་དེ་གའི་བུད་མེད་ཡིན་པ།
ཉེ་ཆར། མལ་གྲོའི་པད་ཁའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་འགོ་ཚུགས་པ་དང་། རབ་ཏུ་བཞད་པའི་པད་ཁའི་མེ་ཏོག་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་བཀྲག་མདངས་གསར་པ་ཞིག་བསྣན་ཡོད།
ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་མལ་གྲོ་གུང་དཀར་རྫོང་གིས་པད་ཁའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཞིང་ལས་དང་ཡུལ་སྐོར་ལས་རིགས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས། ས་གནས་དེ་གའི་མང་ཚོགས་ཚོའི་ཡོང་འབབ་རྒྱུན་མཐུད་མང་དུ་ཕྱིན་ནས་ལས་རིགས་དར་ཞིང་གྲོང་ཚོ་བཀོད་པ་གཙང་བ་དང་མི་དམངས་ཕྱུག་འགྱུར་གྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།