དབུ་ཤོག>གསར་འགྱུར།
  • 2021ལོའི“ཧྲན་ཏུང་བོད་ལྗོངས་ཁྱིམ་ཚང་གཅིག མཉམ་དུ་བདེ་ཐང་ཕུགས་འདུན་འགྲུབ”ཅེས་པའི་ཧྲན་ཏུང་གི་སྨན་བཅོས་ཚོགས་པས་ས་མཐོར་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-23

    814756_yis_1626969600000_s.jpg

    འདི་ནི་ཅི་ནན་ཧྭ་ཧྲི་མིག་ནད་སྨན་ཁང་གི་ཡོན་ཀྲང་ཝང་ལི་ཧྭ་ཡིས་པ་སྣམ་རྫོང་སློབ་ཆུང་གི་སློབ་མར་མིག་གཟི་ལོག་དང་མིག་ཤེད་ཞན་པའི་རིགས་གྲལ་བཤེར་བྱེད་པ།

    814758_yis_1626969600000_s.jpg

    འདི་ནི་ཅི་ནན་ཧྭ་ཧྲི་མིག་ནད་སྨན་ཁང་གི་ཡོན་ཀྲང་ཝང་ལི་ཧྭ་ཡིས་བྱིས་པར་བརྟག་དཔྱད་བྱེད་བཞིན་ཡོད་པ།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་ཆེད། ཧྲན་ཏུང་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་ལྟེ་གནས་དོ་དམ་ཚོགས་ཆུང་གིས་གཙོ་གཉེར་བྱས་པའི2021ལོའི“ཧྲན་ཏུང་བོད་ལྗོངས་ཁྱིམ་ཚང་གཅིག མཉམ་དུ་བདེ་ཐང་ཕུགས་འདུན་འགྲུབ”ཅེས་པའི་ཧྲན་ཏུང་གི་སྨན་བཅོས་ཚོགས་པས་ས་མཐོར་སྨན་བཅོས་བྱེད་པའི་བྱེད་སྒོ་དེ་2021ལོའི་ཟླ་6པའི་ཟླ་དཀྱིལ་དུ་གཞིས་རྩེ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི“ཧྲན་ཏུང་བོད་ལྗོངས་ཁྱིམ་ཚང་གཅིག མཉམ་དུ་བདེ་ཐང་ཕུགས་འདུན་འགྲུབ”ཅེས་པའི་ཧྲན་ཏུང་གི་སྨན་བཅོས་ཚོགས་པས་ས་མཐོར་སྨན་བཅོས་བྱེད་པའི་བྱེད་སྒོ་ནི་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ཁག་དགུ་པའི་ལས་བྱེད་ཤེས་ལྡན་མི་སྣ་བོད་དུ་སླེབས་རྗེས་བརྩེ་སེམས་ཟབ་མོས་བཏོད་པའི་སྨན་བཅོས་བོད་སྐྱོར་གྱི་སྤུས་རྟགས་ཤིག་རེད། ད་ཐེངས་ཀྱི་2021ལོའི་ཧྲན་ཏུང་གི་སྨན་བཅོས་ཚོགས་པས་ས་མཐོར་སྨན་བཅོས་བྱེད་པའི་བྱེད་སྒོ་དེ་བོད་ཀྱི་འོད་ཟེར་བྱ་སྤྱོད་དང“མཐའ་མཚམས་སུ་སྨན་བཅོས་བྱེད་པ་དང་གཞི་རིམ་དུ་བདེ་ཐང་ཡོང་བར་བྱེད་པའི”སྐོར་སྐྱོད་སྨན་བཅོས་ཀྱི་བྱེད་སྒོ་ཆེ་གྲས་གཉིས་སུ་དབྱེ་ནས་དུས་གཅིག་ཏུ་སྤེལ་འགོ་ཚུགས་པ་རེད། ཟླ་6ཚེས་17ནས་24ཉིན་བར། གཡན་ཐའེ་གྲོང་ཁྱེར་གྱི་ཆེད་ལས་སྨན་བཅོས་ལག་རྩལ་ཤེས་ལྡན་མི་སྣ་12ཀྱིས་དེ་གར་ཁ་གཏད་རོགས་སྐྱོར་ལས་འགན་སྒྲུབ་བཞིན་པའི་གཡན་ཐའེ་བོད་སྐྱོར་སྨན་བཅོས་རུ་མི་8དང་མཉམ་དུ་གཡན་ཐའེ་བོད་སྐྱོར་ལས་བྱེད་པའི་དོ་དམ་ཚོགས་ཆུང་གི་སྒྲིག་འཛུགས་མཐུན་སྦྱོར་འོག སྔ་རྗེས་སུ་གཉའ་ལམ་རྫོང་མི་དམངས་སྨན་ཁང་དང་། སྤོ་རོང་ཤང་སློབ་ཆུང་། ཡར་སླེབས་ཤང་སློབ་ཆུང་། གཉའ་ལམ་སློབ་ཆུང་བཅས་སུ་བསྐྱོད་དེ་རིག་གཞུང་སྤེལ་རེས་གསོ་སྦྱོང་དང་བྱིས་པའི་ནད་གཞི་སྣ་ཚོགས་ལ་འོས་འགན་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་ཞིང་། སྔ་རྗེས་སུ་ལྷན་སྐྱེས་སྙིང་ནད་དང་། མཁལ་མར་རྡོ་བསགས་པ། སྒལ་ཚིགས་འཁྱོག་པ་སོགས་ནད་རིགས་སྣ་ཚོགས་ཕོག་པའི་ནད་པ་7གྲལ་བཤེར་བྱས་ནས། མཁལ་ནད་ཕོག་པའི་ནད་པར་སྨན་བཅོས་བྱེད་པའི་གྲོས་འགོ་བཏོན་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དང་སྒལ་རུས་འཁྱོག་པའི་ནད་པ་ཧྲན་ཏུང་དུ་སྨན་བཅོས་བྱེད་པར་འཁྲིད་རྒྱུ་རེད།

    ཟླ་6ཚེས་15ནས་30ཉིན་བར། ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྫོང་གི་གྲས་ཤིག་ཡིན་པའི་པ་སྣམ་རྫོང་དུ་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་ཀྱི་མིག་ནད་ཚན་ཁག་གི་སྨན་པ་དཀའ་བཅུ་པའི་ཡན་ལག་མཐུན་ཚོགས་ཀྱི་མིག་གཟི་ལོག་དང་བྱིས་པའི་མིག་ནད་ཆེད་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཅི་ནན་ཧྭ་ཧྲི་མིག་ནད་སྨན་ཁང་གི་ཡོན་ཀྲང་ཝང་ལི་ཧྭ་ཡིས་སྣེ་ཁྲིད་པའི་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་12ཅི་ནན་གྱི་བོད་སྐྱོར་ལས་བྱེད་པའི་དོ་དམ་ཚོགས་ཆུང་གི་སྒྲིག་འཛུགས་དང་མཐུན་སྦྱོར་ཞིབ་ཚགས་འོག པ་སྣམ་རྫོང་ཁོངས་ཀྱི་སློབ་ཆུང་56དང་། བུ་བཅོལ་ཁང་དང་སློབ་ཞུགས་གོང་གི་སློབ་གསོའི་ས་ཚིགས་ཀྱི་དགེ་སློབ་6931ལ་མིག་གཟི་ལོག་དང་མིག་ཤེད་ཞན་པའི་གྲལ་བཤེར་བྱས་པ་རེད། གྲལ་བཤེར་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་སྔ་རྗེས་སུ་མིག་གཟི་ལོག་75དང་། མིག་ཤེད་ཞན་པའི་ནད་པ་50 རྒྱང་སྒྲིབ་ཕོག་པའི་ནད་པ་712བཅས་ལ་བརྟག་དཔྱད་བྱས་པ་མ་ཟད། ནད་པ་313ལ་རིན་མེད་ངང་མིག་ཤེལ་སྒྲིག་སྦྱོར་བྱས་པ་དང་མིག་གཟི་ལོག་22ལ་རིན་མེད་སྨན་བཅོས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་གཟི་ལོག་ལ་གཤགས་བཅོས་བྱས་པ་དེས་བོད་རང་སྐྱོང་ལྗོངས་སུ་མིག་གཟི་ལོག་ལ་གཤགས་བཅོས་བྱེད་མཁན་མེད་པའི་སྟོང་ཆ་བསྐངས་ཡོད་པ་རེད།

    ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ཁག་དགུ་པའི་ལས་བྱེད་ཤེས་ལྡན་མི་སྣའི་རུ་སྣེ་ཁྲིད་མཁན་མཱ་ཅིན་ཏུང་གིས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ། ང་ཚོས་སླར་ཡང་ཧྲན་ཏུང་གི་སྨན་བཅོས་ཚོགས་པས་ས་མཐོར་སྨན་བཅོས་བྱེད་རྒྱུའི་གྲོས་འགོ་བཏོན་པ་དེ་ནི་ཏང་དང་གཞིས་རྩེའི་མི་དམངས་ལ་བདེ་ཐང་གི་ལག་རྟགས་ཤིག་ཕུལ་བ་ཞིག་ཡིན་ལ། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བྱ་བ་དངོས་སྒྲུབ་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་ཡིན། མིག་སྔར་བྱེད་སྒོ་དེ་ཧྲན་ཏུང་བོད་སྐྱོར་གྱི‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ནང་བཅུག་པ་དང་དེའི་དམིགས་ཡུལ་ནི་བྱེད་སྒོ་རྒྱུན་རྣམ་ཅན་དང་སྤུས་རྟགས་ཅན་དུ་འགྱུར་བ་བྱས་ནས་གཞིས་རྩེའི་མི་དམངས་ཀྱི་བདེ་ཐང་དང་བདེ་རྩ་ཆེ་རུ་གཏོང་ཆེད་ཧྲན་ཏུང་གི་སྟོབས་ཤུཌ་ལེགས་སྐྱེས་སུ་འབུལ་རྒྱུ་དེ་རེད”ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།