
ལྷ་ས་གྲོང་ཁྱེར་སྔོ་འགྱུར་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་ལྗོངས་ཐད་གཏོགས་དང་གྲོང་ཁྱེར་ཐད་གཏོགས་ཚན་པས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོར་བསྐྱོད་དེ་ལྷ་ས་གྲོང་ཁྱེར་གྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“ལྗང་མདོག་ལྷ་ས་དང་སྐྱེ་ཁམས་ལྷ་ས”བསྐྲུན་ཆེད་འབད་བརྩོན་བྱས། འདི་ནི་འོས་འགན་ཤིང་འཛུགས་བྱ་ཡུལ་ཡིན་པ།