དབུ་ཤོག
  • སློབ་ཆེན་ལ་འགྲོ་མཁན་དཀའ་ངལ་ཡོད་པའི་སློབ་མ་ཚོས་འདིར་གཟིགས་རོགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-07-13

     རྒྱལ་ཁབ་ཀྱིས་འཐུས་སྒོ་ཚང་བའི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མའི་རོགས་སྐྱོར་སྲིད་ཇུས་བཟོས་ནས། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་སློབ་གྲྭར་སྐྱོད་རིང་ཕྱོགས་མང་པོ་ནས་རོགས་སྐྱོར་བྱས་ཏེ། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཚང་མ་བདེ་བླག་ངང་སློབ་གྲྭ་ཐོན་ཐུབ་པ་བྱེད་ཀྱི་ཡོད། གཤམ་ལ་རྩོམ་སྒྲིག་པས་སློབ་མ་ཚོར་རོགས་སྐྱོར་སྲིད་ཇུས་གང་འདྲ་ཡོད་མེད་ངོ་སྤྲོད་ཞིབ་ཕྲ་ཞུ་གི་ཡིན།

    01

    དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་གསར་པ་སློབ་གྲྭར་ཞུགས་པར་རོགས་སྐྱོར་བྱེད་པ། 

    ལྗོངས་ཕྱིའི་མཐོ་སློབ་ལ་ཚུད་པའི་སློབ་མ་གསར་པ་རེར་རོགས་སྐྱོར་སྒོར་1000བྱེད་རྒྱུ།

    དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཚང་མ་བདེ་བླག་ངང་སློབ་གྲྭར་ཞུགས་པ་དང་སློབ་གྲྭ་ཐོན་ཐུབ་པ་བྱ་ཆེད། རང་ལྗོངས་ཀྱིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་གསར་པ་སློབ་གྲྭར་ཞུགས་པར་རོགས་སྐྱོར་སྲིད་ཇུས་ལག་བསྟར་ཧུར་ཐག་བྱེད་བཞིན་ཡོད། དེ་ཡང་སློབ་མ་གསར་པ་སློབ་གྲྭར་མ་ཞུགས་གོང་མཐོ་འབྲིང་གནས་སའི་ས་ཁུལ(གྲོང་ཁྱེར)གྱི་སློབ་གསོ་ཅུས་རོགས་སྐྱོར་ལྟེ་གནས་སུ་སྲིད་ཇུས་བློ་འདྲི་དང་རོགས་སྐྱོར་རེ་འདུན་ཞུ་ཆོག རོགས་སྐྱོར་ཚད་གཞི་ནི་ལྗོངས་ནང་ཁུལ་གྱི་མཐོ་སློབ་ཏུ་ཚུད་པའི་སློབ་མ་གསར་པ་རེར་སྒོར་500དང་ལྗོངས་ཕྱིའི་མཐོ་སློབ་ལ་ཚུད་པའི་སློབ་མ་གསར་པ་རེར་སྒོར་1000རེད།

    གཞན་ཡང་རང་ལྗོངས་ཀྱིས་ད་དུང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་སློབ་གྲྭར་ཞུགས་པའི“ཐོགས་མེད་བགྲོད་ལམ”བཏོད་ཡོད་ཅིང་། དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་གསར་པས་སློབ་ཡོན་དང་ཉལ་ཁང་གི་གླ་གནས་སྐབས་སྤྲོད་མི་ཐུབ་ཚེ། སློབ་འགོ་ཚུགས་པའི་འབྱོར་ཐོ་འགོད་སྐབས་མཐོ་སློབ་ཀྱིས་བཏོད་པའི“ཐོགས་མེད་བགྲོད་ལམ”ནས་སློབ་གྲྭར་ཞུགས་པའི་འགྲོ་ལུགས་སྔོན་ལ་གཉེར་ཆོག་གི་ཡོད། དེ་ནས་སློབ་གྲྭར་ཞུགས་རྗེས་སློབ་གཉེར་བྱེད་སའི་མཐོ་སློབ་ཀྱིས་སློབ་མའི་གནས་ཚུལ་ཞིབ་ཕྲར་གཞིགས་ཏེ་དཀའ་ངལ་ཡོད་མེད་གཏན་འཁེལ་བྱེད་པ་མ་ཟད་བྱེད་ཐབས་སྣ་ཚོགས་སྤྱད་ནས་རོགས་སྐྱོར་ཡང་བྱེད་ཀྱི་ཡོད།

    02

    སློབ་གྲྭར་འགྲོ་བཞིན་པའི་སློབ་མས་བྱ་དགའི་དངུལ་སྣ་ཚོགས་རེ་འདུན་ཞུ་ཆོག

     རྒྱལ་ཁབ་ཀྱི་བརྩོན་སྐྱེད་བྱ་དགའི་དངུལ་སློབ་མ་རེར་ལོ་རེར་སྒོར་5000ཡོད་པ།

    དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་སློབ་གྲྭར་འགྲོ་རིང་། སློབ་གཉེར་བྱ་ཡུལ་གྱི་མཐོ་སློབ་ནས་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་དང་། རྒྱལ་ཁབ་ཀྱི་བརྩོན་སྐྱེད་བྱ་དགའི་དངུལ། རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ། སློབ་ཡོན་ཆག་ཡང་དང་རྩ་ཆག སློབ་ཞོར་ལས་ཀ་བྱེད་པ་སོགས་རོགས་སྐྱོར་སྣ་ཚོགས་རེ་འདུན་ཞུ་ཆོག་ལ། སློབ་གྲྭས་སློབ་མའི་ཁྱིམ་ཚང་གི་འཁོས་ཀར་གཞིགས་ཏེ་རིགས་དབྱེ་ཇུས་བསྟར་གྱིས་རོགས་སྐྱོར་ཡང་བྱེད་ཀྱི་ཡོད།

    རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་མི་རེར་ལོ་རེར་མཐོ་ཤོས་སྒོར་8000ལས་བརྒལ་མི་ཆོག་པ་དང་། སློབ་གྲྭར་འགྲོ་རིང་གི་སྐྱེད་ཀ་རྒྱལ་ཁབ་ཀྱིས་སྤྲོད་ཀྱི་ཡོད། སློབ་སྐྱོར་དངུལ་བུན་གྱི་དུས་བཅད་ནི་སློབ་གྲྭར་འགྲོ་བའི་དུས་ཚོད་ཕུད་ལོ་15ཡི་ནང་སྤྲོད་དགོས་པ་དང་དུས་བཅད་རིང་ཤོས་ལོ་22ལས་བརྒལ་ཆོག་གི་མེད། རྒྱལ་ཁབ་ཀྱི་བརྩོན་སྐྱེད་བྱ་དགའི་དངུལ་ནི་རྒྱལ་ཡོངས་སློབ་བསྡུའི་འཆར་གཞིར་ཚུད་པའི་སྤྱོད་ཡོན་གཉིས་ལྡན་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག(མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་དང་སློབ་རམས་པའི་སློབ་གནས་གཉིས་པ་རྩོད་མཁན་ཚུད་པ)གི་སློབ་གྲྭར་འགྲོ་བཞིན་པའི་སློབ་མ་རེར་ལོ་རེར་སྒོར་5000གི་བྱ་དགའ་སྤྲོད་ཀྱི་ཡོད། རྒྱལ་ཡོངས་ཀྱི་སློབ་བསྡུའི་འཆར་གཞིར་ཚུད་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག(གྲ་སྒྲིག་འཛིན་གྲྭ་དང་། མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ། སློབ་རམས་པའི་སློབ་གནས་གཉིས་པ་རྩོད་མཁན་བཅས་ཚུད་པ)གི་སློབ་གྲྭར་འགྲོ་བཞིན་པའི་སློབ་མ་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་སྤྲོད་པའི་ནང་དུ་བླུགས་ཡོད་པ་དང་། ཆ་སྙོམས་རོགས་དངུལ་སྤྲོད་པའི་ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར་3300རེད།

    03

    ཡིག་ཚགས་དང་གཱ་བཟོས་པའི་སློབ་གྲྭ་ཆེ་མོ་བ་སློབ་ཡོན་མི་དགོས་པར་སློབ་གྲྭར་འགྲོ་ཆོག་པ། ལྗོངས་ཕྱིའི་མཐོ་སློབ་ལ་ཚུད་པའི་སློབ་མར་ལོ་རེར་རོགས་དངུལ་སྒོར་7000སྤྲོད་རྒྱུ།

    རང་ལྗོངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི(གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ)སློབ་གྲྭ་ཆེ་མོ་བར་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས(སློབ་ཡོན་དང་། ཉལ་ཁང་གི་གླ། དེབ་རིན། ལྟོ་རིན་གྱི་ཁ་གསབ་དངུལ་བཅས་རྩ་ཆག)ལག་བསྟར་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་ཀྱི་གྲོན་དངུལ་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར་། རྫོང་ཆུས་བཅས་ཀྱིས་མཉམ་དུ་སྤྲོད་ཀྱི་ཡོད། དེའི་ནང་རང་སྐྱོང་ལྗོངས་ཀྱིས་ལྗོངས་ནང་ཁུལ་གྱི་མཐོ་སློབ་ཏུ་ཚུད་པའི་སློབ་མར་འགྲོ་སོང་ཆ་ཚང་གཏོང་རོགས་བྱེད་པ་དང་། ལྗོངས་ཕྱིའི་མཐོ་སློབ་ཏུ་ཚུད་པའི་སློབ་མར་ལོ་རེར་རོགས་དངུལ་སྒོར་7000(སློབ་ཡོན་སྒོར་2800དང་། ཉལ་ཁང་གི་གླ་སྒོར་800 དེབ་རིན་སྒོར་400 ལྟོ་རིན་ཁ་གསབ་རོགས་དངུལ་སྒོར་3000བཅས་ཚུད་པ)སྤྲོད་ཀྱི་ཡོད། དེའི་རྨང་གཞིའི་ཐོག་ལྗོངས་ཡོངས་ཀྱི་གྲོང་ཁྱེར་ས་ཁུལ་དང་རྫོང་ཆུས་ཁག་གིས་མཐོ་སློབ་ཀྱི་གྲོན་སོང་བསྡུ་སྟངས་དངོས་ལ་གཞིགས་ཏེ་ཆད་གསབ་ལས་དོན་སྤེལ་ནས་ཆ་རྐྱེན་དང་འཚམ་པའི་ཡིག་ཚགས་དང་གཱ་བཟོས་པའི(གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ)སློབ་གྲྭ་ཆེ་མོ་བར་འགྲོ་སོང་ཆ་ཚང་གཏོང་རོགས་བྱེད་པ་དང་། ཆ་རྐྱེན་དང་འཚམ་པའི་མཐོ་སློབ་ཏུ་ཚུད་པའི་སློབ་མ་གསར་པས་སློབ་ཚུད་བརྡ་ཐོ་ཁྱེར་ནས་ཐེམ་ཐོ་གནས་སའི་གྲོང་ཚོ་དང་གྲོང་ལྷན་དུ་ཐོ་འགོད་དགོས།

    04

    དགེ་འོས་རིགས་སོགས་ཆེད་ལས་ལ་སློབ་ཡོན་མི་དགོས་པར་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ། 

    རོགས་དངུལ་གྱི་ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར་6600ཡིན་པ།

    རང་ལྗོངས་ཀྱིས་དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཤིས་གཏེར་ལས་བཅས་ཆེད་ལས་ལ་སློབ་ཡོན་མི་དགོས་པར་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་དང་། རོགས་དངུལ་གྱི་ཚད་གཞི་ནི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་6600(སློབ་ཡོན་སྒོར་2800དང་། ཉལ་ཁང་གི་གླ་སྒོར་800 ལྟོ་རིན་གྱི་ཁ་གསབ་རོགས་དངུལ་སྒོར་3000བཅས་ཚུད་པ)རེད། ལྗོངས་ཕྱིའི་མཐོ་སློབ་ཏུ་ཚུད་པའི་དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཤིས་གཏེར་ལས་བཅས་ཀྱི་ཆེད་ལས་སློབ་མ་གསར་པས་སློབ་གྲྭར་འབྱོར་ཐོ་བཀོད་རྗེས་ཀྱི་ཟླ་གཅིག་ནང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གཞུང་ཕྱོགས་དྲ་ཚུགས་ནས《བོད་ཀྱི་སློབ་ཡོན་མི་དགོས་པར་ཁ་གསབ་སྤྲོད་པའི་ཆེད་ལས་སློབ་མའི་སློབ་ཞུགས་ཀྱི་འབྱོར་ཐོ་བཀོད་པའི་འཛིན་ཡིག》ཕབ་ལེན་བྱེད་པ་དང་འབྲེལ་སློབ་གྲྭས་ཞིབ་བཤེར་གྱིས་ཐེལ་ཙེ་བརྒྱབ་རྗེས། ལྷ་ས་གྲོང་ཁྱེར་བོད་ལྗོངས་སློབ་ཆེན་ཤར་ལམ་སྒོ་རྟགས་ཨང་15པའི་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་6599613/6599611ལ་སྐུར་དགོས་པ་དང་། ལྗོངས་ནང་ཁུལ་གྱི་མཐོ་སློབ་ཀྱི་འབྲེལ་ཡོད་ཆེད་ལས་ལ་ཡིག་རྒྱུགས་འཕྲོད་པའི་སློབ་མ་གསར་པ་ཡིན་ཚེ་རེ་འདུན་ཞུ་མི་དགོས་པར་སློབ་ཞུགས་འབྱོར་ཐོ་འགོད་སྐབས་ཐད་ཀར་ལོངས་སྤྱོད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།