དབུ་ཤོག>གསར་འགྱུར།
  • “བོད་སྐྱོར་སྟོབས་ཤུགས”ཀྱིས་བོད་ཀྱི་མི་སེར་རྣམས་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་ཡོང་བར་རོགས་རམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-13

    ཉེ་ཆར་གསར་འགོད་པས་བཅར་འདྲི་བྱེད་རིང་། བོད་ཀྱི་མང་ཚོགས་ཀྱི་ལས་ཞུགས་གདམ་ག་ཇེ་མང་དུ་འགྲོ་བའི་ཁྲོད“བོད་སྐྱོར་སྟོབས་ཤུགས”ཀྱིས་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁ་གཏད་བོད་སྐྱོར་དང་དབུལ་སྐྱོར་ལས་དོན་གྱི་ཚོགས་འདུ་ལོ་ལྔ་བསྟུད་མར་བོད་དུ་འཚོགས་ཏེ་རིམ་རྩིས་བྱས་ན་རྣམ་གྲངས་247ལ་མིང་རྟགས་བཀོད་པ་དང་། མ་རྩ་སྒོར་དུང་ཕྱུར་350བཏང་བ། ཞིང་ཆེན་སྒྲོལ་ནས་མི་ཁྲི་1.2ལྷག་ཙམ་ལ་ལས་ཀ་བཀོད་སྒྲིག་བྱས་པ། ཀྲུང་དབྱང་ཁེ་ལས་ཀྱི་བོད་དུ་ཡོད་པའི་ལས་ཁུངས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མ་1500ལྷག་ཙམ་བསྡུས་པ་མ་ཟད། ཞིང་པ་ལས་མི་ཡང་ཁྲི་1ལྷག་ཙམ་བསྡུས་ཡོད་པ་རེད།

    2020ལོའི་ཟླ་7པར་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ས་མདོ་ཤང་གི་བློ་བཟང་དཔལ་ལྡན་གྱིས་ལས་ཀ་བཙལ་ཏེ་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིར་སླེབས་ནས་ས་གཤིས་ལྟ་སྐུལ་གྱི་དངོས་སྦྱོང་ཐད་ཀྱི་ལས་ཀ་བྱེད་ཀྱི་ཡོད།

    “ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པས་ང་ལ་ལས་ཀ་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་སློབ་ཆེན་དུ་སྦྱངས་པའི་ཆེད་ལས་དང་མིག་སྔའི་ལས་ཀ་རྦད་དེ་མཐུན་པས་ངའི་ལས་རིགས་ཀྱི་ཕུགས་བསམ་གྲུབ་སོང”“ཉེ་ཆར་ངས་རྩོད་ལན་ངོ་མར་བསྒྱུར་བར་གྲ་སྒྲིག་བྱེད་ཀྱི་ཡོད། ལས་ཀར་སླེབས་ནས་ལོ་གཅིག་ལྷག་ཙམ་རིང་ངས་ཤེས་བྱ་མང་པོ་ཤེས་བྱུང་ལ་གླ་ཆའང་མཐོ་པོ་འདུག”ཅེས་བློ་བཟང་དཔལ་ལྡན་གྱིས་དེ་ལྟར་བརྗོད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོར་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་གྱིས་བོད་ཀྱི་སློབ་ཆེན་སློབ་མ་115བསྡུས་པ་དང་། གཞན་ཡང་ཞིང་འབྲོག་པ་མང་པོ་ཞིག་དང་ཚོགས་སྒྲིག་གི་ངལ་རྩོལ་གན་རྒྱ་བཞག་ཡོད། ལས་གཏོད་ལས་ཞུགས་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་པ་བརྒྱུད་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པས་ད་དུང་ས་གནས་དེ་གའི་ཞིང་འབྲོག་པ་400ལྷག་ཙམ་རང་ཡུལ་ནས་ཁ་འབྲལ་མི་དགོས་པར་སྒོ་རྩར་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།