དབུ་ཤོག>གསར་འགྱུར།
  • འདི་ལོ་ལག་རྩལ་བོད་སྐྱོར་གྱི་རོགས་སྐྱོར་རྣམ་གྲངས་21ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2021-07-12

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7ཚེས་4ཉིན་བོད་རང་སྐྱོང་ལྗོངས་སྤུས་ཚད་ཞིབ་བཤེར་ལྟེ་གནས་ཀྱིས་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་2021ལོའི་ལོ་འཁོར་གྱི་ལག་རྩལ་བོད་སྐྱོར་ལས་དོན་འགོ་ཚུགས་པའི་ཚོགས་འདུ་འཚོགས་ནས་ལག་རྩལ་བོད་སྐྱོར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ལག་རྩལ་བོད་སྐྱོར་གྱི་རིགས་གཅིག་མཁས་ཅན་18ཀྱིས་རྣམ་གྲངས་21ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་དེ་ལྷ་ས་དང་། ནག་ཆུ། མངའ་རིས་བཅས་གྲོང་ཁྱེར་3(ས་ཁུལ)དང་འབྲེལ་བ་ཡོད་ཅིང་། དེའི་ནང་ལྷ་སར་རྣམ་གྲངས་14དང་། ནག་ཆུར་རྣམ་གྲངས་4 མངའ་རིས་ལ་རྣམ་གྲངས་3བཅས་ཡོད་པ་རེད།

    ལག་རྩལ་བོད་སྐྱོར་ནི་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་བོད་སྐྱོར་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། 2019ལོ་དང་2020ལོར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཚན་རྩལ་ནོར་དོན་སིས་ལོ་གཉིས་བསྟུད་མར་ལག་རྩལ་བོད་སྐྱོར་ལས་དོན་སྒྲིག་འཛུགས་བྱས་པ་དང་ཁྱོན་རིགས་གཅིག་མཁས་ཅན་84བཏང་བ་དང་ལག་རྩལ་རོགས་སྐྱོར་རྣམ་གྲངས་87ལག་བསྟར་བྱས་པར་བརྟེན་ས་གནས་དེ་གའི་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་དང་། ལག་རྩལ་གྱི་དཀའ་གནད་ཐག་གཅོད། ཞབས་ཞུའི་ཆུ་ཚད་མཐོར་གཏོང་བཅས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཚན་རྩལ་ནོར་དོན་སིའི་སི་ཀྲང་ཁྲང་ཡུས་ཀྱིས་ངོ་སྤྲོད་བྱས་པར། འདི་ལོའི་ལག་རྩལ་བོད་སྐྱོར་གྱི་རིགས་གཅིག་མཁས་ཅན་18ཀྱིས་རྣམ་གྲངས་21ལ་རོགས་སྐྱོར་བྱ་རྒྱུ་དེ་ལྷ་ས་དང་། ནག་ཆུ། མངའ་རིས་བཅས་གྲོང་ཁྱེར་3(ས་ཁུལ)དང་འབྲེལ་བ་ཡོད་ཅིང་། དེའི་ནང་ལྷ་སར་རྣམ་གྲངས་14དང་། ནག་ཆུར་རྣམ་གྲངས་4 མངའ་རིས་ལ་རྣམ་གྲངས་3བཅས་ཡོད་པ་རེད། རྣམ་གྲངས་དེ་ཚད་འཇལ་དང་། ཚད་ལྡན། བཟའ་བཅའི་བདེ་འཇགས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་སོགས་ཆེད་ལས་ལག་རྩལ་ཁྱབ་ཁོངས་ལ་ཁྱབ་ཡོད་པ་དང་ས་གནས་ས་ཐོག་ཏུ་སློབ་ཁྲིད་དང་། ཡོ་ཆས་སྒྲིག་སྦྱོར། བཀོལ་སྤྱོད་གསོ་སྦྱོང་། གཅིག་སྡུད་སློབ་ཁྲིད་སོགས་བྱེད་ཐབས་སྤྱད་ནས་སྤེལ་ཡོད།

    བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཟླ་བས། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཚན་རྩལ་ནོར་དོན་སིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཁྲོམ་ར་ལྟ་འདོམས་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། ཚན་ཞིབ་རྣམ་གྲངས་ལ་རོགས་སྐྱོར་བྱེད་པའི་ཐད། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ལག་རྩལ་སྒྲིག་གཞི་རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞི(NQI)སོགས་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞི་དང་གཙོ་གནད་ཆེད་དོན་ཞིབ་འཇུག་ནང་ཞུགས་པར་མཐུན་སྦྱོར་དང་། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཁྲོད་ཆེད་དོན་རྣམ་གྲངས་འཛུགས་པར་སྐུལ་འདེད་གཏོང་བ། རང་སྐྱོང་ལྗོངས་སུ“འདུ་འགོད་གལ་ཆེན་དང་། རྣམ་གྲངས་གལ་ཆེན། ཐོན་རྫས་གལ་ཆེན”བཅས་ཀྱི་ཁྲོམ་ར་ལྟ་འདོམས་ལག་རྩལ་ཞིབ་འཇུག་ལ་རྒྱབ་སྐྱོར་བཅས་བྱེད་པ་དང་། ལག་རྩལ་སྒྲིག་གཞིའི་ཆ་སྒྲིག་རོགས་སྐྱོར་ཐད། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ཐད་གཏོགས་ལག་རྩལ་སྒྲིག་གཞི་དང་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ལག་རྩལ་སྒྲིག་གཞི་མཉམ་ལས་བྱས་ཏེ་ཞིབ་འཇུག་ལས་སྟེགས་འཛུགས་པར་སྐུལ་འདེད་གཏོང་བ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ཐད། ཞིང་ཆེན(གྲོང་ཁྱེར)ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཁྲོམ་ར་ལྟ་འདོམས་ལག་རྩལ་གྱི་དགོས་མཁོ་དང་ཞན་ཆར་གཞིགས་ནས་དུས་བཀག་ཁ་གཏད་རོགས་སྐྱོར་ལག་བསྟར་བྱས་ཏེ། གཞི་རིམ་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་བཤད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།