2021ལོ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་སྦྲེལ་མཚམས་ཤིག་ཡིན་པས་ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི“མཐའ་མའི་གདོང་མཆོང”དང“འགོ་ཚུགས་རྗེས་མཐུད”ཡག་པོ་ཡོང་ཆེད། འདི་ལོའི་དུས་ཚིགས་དང་པོར་བསམ་གྲུབ་རྩེ་ཆུས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་། གོམ་པ་ཡག་པོ་སྤོ་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་ལ་དམིགས་ནས་ཆུས་དེའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕན་ཚུན་སྤེལ་རེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་། རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། ངལ་རྩོལ་རིན་ཐང་གཏོད་པ། ཕྱོགས་ཡོངས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ་སློབ་སྦྱོང་སྒྲོག་འགྲེལ་དང་། གསོ་སྦྱོང་མཛུབ་སྟོན། རིག་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་སྣ་ཚོགས་ཐེངས་5000ལྷག་ཙམ་རྒྱ་ཁྱབ་ཏུ་སྤེལ་ནས་ཤང(ཁྲོམ་གཞུང)12ཀྱི་གྲོང་ཚོ(གྲོང་ལྷན)176དང་ལྗོངས་ཐད་གཏོགས་ཚན་པ་60ལྷག་ཙམ་གྱི་མི་ཐེངས་ཁྲི་3ལྷག་ཙམ་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་པ་རེད།
“མང་ཚོགས་བརྟན་པོའི་ངང་ཕྱུག་པོ་ཆགས་པར”དམིགས་ནས་ཞིང་འབྲོག་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྔར་བས་འཕེལ་བར་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས་གཞི་རིམ་དུ་གྲོང་སྡོད་དང་། ཆ་སྒྲིག་རོགས་སྐྱོར། ཆེད་དོན་སྒྲོག་འགྲེལ་སོགས་ཀྱི་བྱེད་སྟངས་བརྒྱུད་དྲིལ་བསྒྲགས་སྒྲོག་འགྲེལ་ཐེངས་250ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་2ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་། རིག་གནས་ཀྱི་ཆུ་ཚད་མི་འདྲ་བ་དང་གསོ་སྦྱོང་གི་དགོས་མཁོར་དམིགས་ནས་ཏང་གི་སློབ་གྲྭ་དང་། མི་སྤྱི། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་འབྲོག་སྡེ་ཚན་བཅས་ཀྱིས་གཙོ་ཁྲིད་བྱས་ཏེ་གསོ་སྦྱོང་དུས་ཐེངས་13སྒྲིག་འཛུགས་བྱས་པའི་ནང་མ་བྱན་དང་། རྐོ་འདྲུའི་འཕྲུལ་འཁོར། གློག་ལས་བཟོ་པ། ཁ་གདན་བསླས་འཐག ཁྱིམ་ཆས་ཀྱི་ཚོན་པ་སོགས་ལས་སྣ་10ལ་ཁྱབ་པའི་ཞིང་འབྲོག་མང་ཚོགས་839གསོ་སྦྱོང་བྱས་ཏེ་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་ཆེ་རུ་བཏང་བ་རེད།