དབུ་ཤོག>གསར་འགྱུར།
  • “རིག་དངོས་དང་ལོ་རྒྱུས་ལས་མི་རྣམས་ཀྱི་བློ་གྲོས་འཕེལ་བར་བྱེད་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-07-09

    769087_yis_1625760000000_s.jpg

    འདི་ནི་ཡུལ་སྐོར་བས་ཏུན་ཧོང་མོ་ཀའོ་བྲག་ཕུག་ལ་ལྟ་སྐོར་བྱེད་བཞིན་པ།

    “ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱེད་པ་ནི་ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ་ཞིག་རེད”

    ལེའང་ཀྲུའུ་གནའ་གྲོང་ཤུལ་བཞག་འདུན་ཞུ་གནང་བ་ནས་མིས་བཟོས་གཙང་པོ་ཆེན་པོའི་རིག་གནས་ཁུལ་འཛུགས་སྐྲུན་གནང་བའི་བར་དང་། ཏུན་ཧོང་ཞིབ་འཇུག་ཁང་དུ་བཞུགས་མོལ་གནང་བ་ནས་ཡུན་ཀང་བྲག་ཕུག་ལ་རྟོག་ཞིབ་གནང་བའི་བར། “ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཤུལ་བཞག་ནི་གསེར་བྱང་ཞིག་རེད”ཅེས་བཏོན་གནང་བ་ནས“རྟེན་རྫས་བཤམས་མཛོད་ཁང་གཅིག་ནི་སློབ་གྲྭ་ཆེན་པོ་ཞིག་རེད”ཅེས་ནན་བཤད་གནང་བའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་མི་རིགས་ཀྱི་བླ་སྲོག་སྲུང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་ལ་ཐུགས་ཁུར་དང་སྐུལ་འདེད་བཏང་གནང་བས་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བྱུང་ཡོད།

    རྩ་བ་འཚོལ་བ།

    “ཀྲུང་ཧྭའི་ཤེས་དཔལ་གྱི་ཡུན་རིང་ལོ་རྒྱུས་དང་རྩ་ཆེའི་རིན་ཐང་ཐད་ཀྱི་ངོས་འཛིན་སྔར་བས་ཇེ་ཟབ་ཏུ་གཏོང་དགོས”

    “ང་ཚོ་སུ་ཡིན་ནམ་དང་། ང་ཚོ་གང་ནས་ཡོང་བ་རེད་དམ། ང་ཚོས་ལམ་བུ་ཇི་ལྟར་ཞིག་བརྒྱུད་ཡོད་དམ”

    ཧང་ཀྲོའུ་ལེའང་ཀྲུའུ་གནའ་གྲོང་ཤུལ་བཞག་གི་སྤྱི་གླིང་ནང་འཆམ་འཆམ་དུ་འགྲོ་སྐབས་ལོ་ངོ་5000ལྷག་ཙམ་གོང་སྔོན་བྱོན་མེས་པོས་བཏོད་པའི“ལྷ་ཡུལ”དང་དེའི་མཚར་སྡུག་ལྡན་པའི་ཤེས་དཔལ་ལས་ལྟ་སྐོར་བའི་སེམས་ནང་རང་དབང་མེད་པར་གོང་གི་དྲི་བ་གསུམ་པོ་འཆར་སྲིད།

    ཀྲེ་ཅང་ཡུས་ཧང་གི་ལེའང་ཀྲུའུ་ཞེས་པའི་དོན་ནི“མཛེས་སྡུག་ལྡན་པའི་ཆུ་ཐོག་སྐམ་ས”ཡིན་ཞིང་། ལོ་ངོ་སྟོང་ཕྲག་ཁ་ཤས་རིང་དེ་གར་གནའ་བོའི་ཤེས་དཔལ་དར་ཁྱབ་སོང་བའི་གསང་བ་སྦས་ཡོད། རྩ་འཚོལ་ཁུངས་འདེད་ཀྱི་ལོ་རྒྱུས་འགན་འཁྲི་ཕྲག་ཏུ་འཁུར་བའི་གནའ་རྫས་རྟོག་ཞིབ་པ་མི་རབས་བཞི་པོས་ཡུལ་དེར་ཧུར་ཐག་འབད་ཐག་བྱས་ནས་ཤེས་དཔལ་གྱི་ཐོག་མའི་རྗེས་ཤུལ་བཙལ་འཚོལ་བྱས་ཡོད།

    “ལེའང་ཀྲུའུ་གནའ་ཤུལ་ནི་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་ལོ་རྒྱུས་དངོས་དཔང་བྱས་པའི་གནས་མཆོག་ཅིག་རེད”ཅེས་2003ལོའི་ཟླ་7པར་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་གིས་ལེའང་ཀྲུའུ་ལ་བརྟག་ཞིབ་གནང་ནས་གནའ་ཤུལ་གྱི་ལོ་རྒྱུས་གནས་བབ་ལ་རྒྱས་བཤད་དེ་ལྟར་གནང་ཡོད།

    བྱ་ཐབས་ཏན་ཏིག་དང་ནུས་ལྡན་ལ་བརྟེན་ནས་ལེའང་ཀྲུའུ་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་དང་སྲུང་སྐྱོབ་ལྟེ་གནས་འཛུགས་པའི་ལས་དོན་ནུས་ལྡན་སྤེལ་བ་དང་། ཡུས་ཧང་ཆུས་ཀྱིས“གྲོང་ཁྱེར་འཕེལ་རྒྱས་ལས་ཤུལ་བཞག་ལ་སྐྱོང་ལན་འཇལ་བའི་སྲུང་སྐྱོབ་ལམ་སྲོལ”ལག་བསྟར་གནང་བ། ལེའང་ཀྲུའུ་ཤུལ་བཞག་ཁུལ་གྱི་མཐའ་སྐོར་གྲོང་ཁྱེར་གསར་སྤེལ་བྱས་ནས་ཐོབ་པའི་ནོར་སྲིད་ཀྱི་ཡོང་འབབ་ཁག་གཅིག་ཤུལ་བཞག་སྲུང་སྐྱོབ་ཐད་སྤྱད་གནང་བ་སོགས་ཕྱག་ལས་མང་པོ་གནང་ཡོད།

    2016ལོར་གནའ་རྫས་རྟོག་ཞིབ་པ་གྲགས་ཅན་སུའུ་པའེ་དང་། ཤེ་ཁྲེན་ཧྲེང་། ཧོང་ཅིང་ལུའེ། ཀྲང་ཀྲུང་ཧྥེ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱག་བྲིས་སྤྲིངས་ནས་ལེའང་ཀྲུའུ་གནའ་ཤུལ་དེ་འཛམ་གླིང་རིག་གནས་ཤུལ་བཞག་ལ་སྔ་ཙམ་འདུན་ཞུ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་འདུན་ཞུས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་ཐད“གནའ་རབས་ཀྱི་ཤུལ་བཞག་སྲུང་སྐྱོབ་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་ཡུན་རིང་དང་རྩ་ཆེའི་རིན་ཐང་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས”ཞེས་མཛུབ་སྟོན་གལ་ཆེན་གནང་ཡོད།

    2019ལོའི་ཟླ་7པར་ཨ་ཟེར་བྷེ་ཇན་དུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་མཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ལྷན་གྱི་ཚོགས་འདུ་སྐབས་43པ་ནས་ལེའང་ཀྲུའུ་གནའ་གྲོང་ཤུལ་བཞག་བདེ་བླག་ངང《འཛམ་གླིང་གི་ཤུལ་བཞག་མིང་གཞུང》ནང་ཚུད་པའི་གཏམ་བཟང་ཐོས་ཡོད།

    སྲུང་སྐྱོབ་བྱེད་པ།

    “མེས་པོས་ང་ཚོར་བཞག་པའི་རྩ་ཆེའི་ཤུལ་བཞག”

    2020ལོའི་ཟླ་11པར་ཅང་སུའུ་དབྱང་ཀྲོའུ་རུ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དབྱང་ཀྲོའུ་གྲོང་ཁྱེར་གྱི་ལྷོ་འདབས་སུ་གནས་པའི་མིས་བཟོས་གཙང་པོའི་ཁུག་གསུམ་སྐྱེ་ཁམས་རིག་གནས་སྤྱི་གླིང་དུ་ཕེབས་ཏེ་གཙང་འགྲམ་གྱི་རྐང་ཐང་འགྲོ་ལམ་བརྒྱུད་དུ་གཟིགས་ཞིབ་གནང་བ་རེད།

    “ཝུའུ་ཡིས་ཧན་ལ་མཁར་རྫོང་བཙུགས། ཆུ་ཡུར་འདྲུས་ནས་འབྲི་ཆུ་རྨ་ཆུ་མཉམ་དུ་འབྲེལ”

    སྤྱི་ལོའི་སྔོན་གྱི་486ལོར་ཝུའུ་རྒྱལ་པོའི་མངགས་མིས་ཧན་རྒྱལ་ཁབ་བར་གྱི་ཆུ་ཡུར་ཞིག་འདྲུ་རུ་བཅུག་ཡོད། དེ་དོན་ནི་ཆུ་ལམ་བརྒྱུད་ནས་འབྲི་ཆུ་དང་རྨ་ཆུ་དང་འབྲེལ་ཏེ་ཀྲུང་ཡོན་ལ་དབང་བསྐུར་བྱ་ཆེད་ཡིན། འོན་ཀྱང་དམག་དོན་དམིགས་ཡུལ་དེ་མཐར་བསྐལ་བརྒྱའི་རླབས་ཆེན་འདུ་འགོད་འགོ་རྩོམ་པའི་གོམ་པ་དང་པོར་གྱུར་པ་བསམ་ཡུལ་ལས་འདས།

    “ལོ་ངོ་སྟོང་ཕྲག་ཁ་ཤས་རིང་། མིས་བཟོས་གཙང་པོ་དེས་ངོགས་གཉིས་ཀྱི་གྲོང་ཁྱེར་དང་མི་དམངས་བསྐྱངས་ཡོད། མིས་བཟོས་གཙང་པོ་དེ་ངོགས་གཉིས་ཀྱི་མི་དམངས་ཚོ་ཕྱུག་པོ་ཆགས་པ་དང་བདེ་སྐྱིད་བྱུང་བའི་གཙང་པོར་གྱུར་ཡོད། ཚང་མས་མིས་བཟོས་གཙང་པོ་ཆེན་པོར་མཉམ་དུ་སྲུང་སྐྱོབ་ཡག་པོ་བྱས་ཏེ་མིས་བཟོས་གཙང་པོ་དེས་ངོགས་གཉིས་ཀྱི་མི་དམངས་ལ་ནམ་ཡང་བདེ་རྩ་བསྐྲུན་ཐུབ་པ་བྱེད་དགོས”ཞེས་ཞི་ཅིན་ཕིང་གིས་གྲུ་ཁར་གྲོང་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྐབས་མིས་བཟོས་གཙང་པོ་ཆེན་པོ་སྲུང་སྐྱོབ་ཐད་གསུངས་པའི་བཀའ་མོལ་ང་ཚོས་ནམ་ཡང་བརྗེད་མི་སྲིད།

    2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མིས་བཟོས་གཙང་པོ་ཆེན་པོ་ནི་སྔོན་བྱོན་མེས་པོས་ང་ཚོར་བཞག་པའི་རྩ་ཆེའི་ཤུལ་བཞག་ཡིན་ལ། སྐོར་སྐྱོད་རིག་གནས་ཀྱང་ཡིན་པས། སྤྱི་འདོམས་སྲུང་སྐྱོབ་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས་ཞེས་མཛུབ་སྟོན་གལ་ཆེན་གནང་ཡོད།

    དབྱང་ཀྲོའུ་གྲོང་ཁྱེར་གྱིས་མིས་བཟོས་གཙང་པོ་ཆེན་པོའི་སྐྱེ་ཁམས་སྲུང་སྐྱོང་བྱ་ཆེད“ལོ་ལྟར་ཁྲལ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་འཇལ་ཐུབ་པའི”རྫས་འགྱུར་བཟོ་གྲྭ་སྒོ་བརྒྱབ་པ་དང་། ཧང་ཀྲོའུ་གྲོང་ཁྱེར་གྱིས་རང་རྒྱལ་གྱི་མིས་བཟོས་གཙང་པོའི་འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་བཏོན་པ། ཧོ་ནན་ཞིང་ཆེན་གྱིས་ཤུལ་བཞག་ཡིག་ཚགས་དང་ལྟ་ཞིབ་ཚད་ལེན་གྱི་མ་ལག་བཙུགས་ནས་དུས་ཐོག་ཏུ་མིས་བཟོས་གཙང་པོའི་ཆུའི་སྤུས་ཚད་དང་། འབོར་ཚད། ཁོར་ཡུག་སོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཡོད།

    2019ལོའི་ཟླ་གཉིས་པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མིས་བཟོས་གཙང་པོའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། བེད་སྤྱོད་ཀྱི་འཆར་འགོད་རྩ་གནད》བཀྲམ་ནས་མིས་བཟོས་གཙང་པོའི་ལོ་རྒྱུས་ཀྱི་ལེའུ་གསར་རྐྱང་ཞིག་འགོ་བརྩམས་ཡོད།

    འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་42པའི་ཐོག་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གིས་རང་རྒྱལ་གྱི་མིས་བཟོས་གཙང་པོ་སྲུང་སྐྱོབ་དོ་དམ་ལས་དོན་ལ་ཚད་མཐོའི་བསྔགས་བརྗོད་བྱས་ཡོད། ཚོགས་ཆེན་གྱི་སྙན་ཞུའི་ནང་། ཀྲུང་གོས་ཤུལ་བཞག་སྲུང་སྐྱོབ་དང་དོ་དམ་ལས་དོན་གྱི་གནད་དོན་ཐག་གཅོད་བྱས་པར་ལས་ཀ་འབོར་ཆེན་བསྒྲུབས་ཡོད་པས་སྐྱེ་བོ་མང་པོས་དོ་ཁུར་ཧ་ཅང་ཆེན་པོ་བྱུང་ཡོད་ལ། དེ་ནི་དོན་སྙིང་ཟབ་མོ་ལྡན་པའི་བྱ་བ་ཞིག་རེད་ཅེས་འཁོད་ཡོད།

    769179_yis_1625760000000_s.jpg

    འདི་ནི་དབྱང་ཀྲོའུ་གྲོང་ཁྱེར་ཀྲུང་གོའི་མིས་བཟོས་གཙང་པོ་རྟེན་རྫས་བཤམས་མཛོད་ཁང་གི་མཚན་ལྗོངས་ཡིན་པ།

    རྒྱུན་འཛིན་བྱེད་པ།

    “དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་བསམ་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས”

    2020ལོའི་ཟླ་9ཚེས་28ཉིན་ཆ་རྒྱུས་དེ་ཙམ་མེད་པའི་གནའ་རྫས་རྟོག་ཞིབ་ཀྱི་རིག་ཚན་དེར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་གི་འཆད་ཁྲིད་ཐོག་གྲོས་བསྡུར་བྱས་པ་རེད།

    འགྲེལ་བཤད་པ་ཁྲེན་ཤིང་ཚན་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་སུའོ་ཀྲང་དང་ཀྲུང་ཧྭ་ཤེས་དཔལ་གྱི་འབྱུང་རྩ་ཞིབ་དཔྱད་ལས་གྲྭ་དང“གནའ་རྫས་རྟོག་ཞིབ་ཀྲུང་གོའི”རྣམ་གྲངས་གལ་ཆེན་གྱི་རིགས་གཅིག་མཁས་ཅན་ཡིན། ཉིན་དྲུག་གོང་འཚོགས་པའི་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲེན་ཤིང་ཚན་ཚུད་པའི་གཏམ་བཤད་སྤེལ་མཁན་འཐུས་མི་ཚོ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།

    “སློབ་སྦྱོང་གི་བརྗོད་དོན་གཙོ་བོ་ནི་རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་ཤོས་དང་དེའི་དོན་སྙིང་ཡིན”ཁྲེན་ཤིང་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅིས་གནའ་རྫས་རྟོག་ཞིབ་ཀྱི་རྣམ་གྲངས་མང་པོར་དོ་ཁུར་ཧ་ཅང་ཟབ་མོ་གནང་བ་མ་ཟད། གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་ཞིབ་འཇུག་གི་ལས་དོན་ཡག་པོ་བསྒྲུབ་པར་བླང་བྱ་བཏོན་གནང་ཞིང་། དེའི་གྲས་ཀྱི་གཅིག་ནི“གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་སྔོག་འདོན་དང་། ལེགས་སྒྲིག འགྲེལ་བཤད་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཡིན”ཞེས་ཕྱིར་དྲན་བྱེད་བཞིན་དུ་བཤད།

    2019ལོའི་སྟོན་འགོར་རྨ་ནུབ་དོག་ལམ་གྱི་ས་གཞི་ཀུན་ཏུ་གསེར་མདོག་གིས་བརྒྱན་ལ་བསིལ་རླུང་དལ་བུར་ལྡང་།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་ནས་གནམ་གྲུར་བཞུགས་ཏེ་ཏུན་ཧོང་གྲོང་ཁྱེར་དུ་འབྱོར་མ་ཐག་མོ་ཀའོ་བྲག་ཕུག་ཏུ་ཕེབས་ནས། མོ་ཀའོ་བྲག་ཕུག་གི་ལོ་རྒྱུས་ཀྱི་འཕེལ་རིམ་དང་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་བྱས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།

    ཏུན་ཧོང་ཞིབ་འཇུག་ཁང་དུ་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། མཁས་དབང་། རིག་གནས་ཚན་པའི་འཐུས་མི་བཅས་དང་བཞུགས་མོལ་གནང་སྐབས། ཁོང་གིས“ཏུན་ཧོང་རིག་གནས་ཞིབ་འཇུག་དང་དར་སྤེལ་གཏོང་བའི”ཐད“ཏུན་ཧོང་རིག་གནས་ནང་འདུས་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་སྙིང་པོ་དང་། རིག་གནས་ཀྱི་ཁོང་ཡངས། རིག་གནས་ཀྱི་གདེང་ཚོད་བཅས་གསལ་སྟོན་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་བསམ་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས”ཞེས་ཞིབ་ཕྲའི་བླང་བྱ་བཏོན་གནང་ཡོད།

    དེ་ནི་ཏུན་ཧོང་གི་ཞིབ་འཇུག་མི་སྣར་མངགས་བཅོལ་གནང་བ་ཞིག་རེད་ལ་རྒྱལ་ཡོངས་ཀྱི་རིག་དངོས་ལས་དོན་པར་བླང་བྱ་བཏོན་གནང་བ་ཞིག་དེ་བས་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྟེན་རྫས་བཤམས་མཛོད་ཁང་དུ་སྐྱོད་མཁན་ཇེ་མང་དུ་ཕྱིན་ཞིང་། གནའ་རྫས་རྟོག་ཞིབ་ཀྱི་འབྲས་བུ་དང་ལོ་རྒྱུས་ཞིབ་འཇུག་གི་འབྲས་བུ་གསར་གཏོད་བརྒྱུད་སྤེལ་བྱས་པ་ལས་མི་རྣམས་ཀྱིས་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་ལ་བསྐྱར་དུ་ངོས་འཛིན་བྱ་རྒྱུའི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།