དབུ་ཤོག
  • དྲན་སྐུལ། གཱ་དེ་གཉིས་གནས་སྐབས་སྤྱོད་མཚམས་འཇོག་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-07-07

    ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཅུས་དང་། མི་སྤྱི་ཐིང་། ཁྲལ་དོན་ཅུས་བཅས་ཀྱི་ཆ་འཕྲིན་མ་ལག་བརྗེ་སྒྱུར་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་གསལ་བརྡ་གལ་ཆེན།

    འགན་བཅོལ་ནང་ཞུགས་མཁན་ཚན་པ་ཁག་དང་མི་སྣ་ཁག་ལ།

    ལྗོངས་སྨན་བཅོས་འགན་སྲུང་ཅུས་དང་། མི་སྤྱི་ཐིང་། ལྗོངས་ཁྲལ་དོན་ཅུས་བཅས་ཀྱི《བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་དང་། མི་སྤྱི། ཁྲལ་དོན་བཅས་ཀྱི་ཆ་འཕྲིན་མ་ལག་བརྗེ་སྒྱུར་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། 2021ལོའི་ཟླ་7ཚེས་10ཉིན་གྱི་ཆུ་ཚོད་00:00ནས་2021ལོའི་ཟླ་7ཚེས་31ཉིན་གྱི་ཆུ་ཚོད་24:00རིང་ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་སྲུང་མ་ལག་སྤྱོད་མཚམས་འཇོག་རྒྱུ་དང་། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་སྲུང་གི་ལས་སྒོ་ཁག་གི་ཞབས་ཞུ་གནས་སྐབས་མཚམས་འཇོག་བྱ་རྒྱུ་རེད།

      སྤྱི་བསྒྲགས་ཀྱི་ནང་དོན་གཞིར་བཟུང་། ད་ལྟ་སྤྱི་ཚོགས་འགན་སྲུང་གཱ་དང་འབྲེལ་བའི་འབྲེལ་ཡོད་ནང་དོན་དྲན་སྐུལ་བྱ་རྒྱུ་གཤམ་གསལ།

    གཅིག སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་སྲུང་མ་ལག་མཚམས་འཇོག་བྱེད་རིང་། སྤྱི་ཚོགས་འགན་སྲུང་གཱ་རེ་ཞུ་དང་། ལེན་པ། དངོས་སུ་སྤྱོད་ཆོག་པ་སོགས་ཀྱི་ལས་སྒོ་རྒྱུན་གཏན་ལྟར་གཉེར་ཆོག

    གཉིས། ཟླ་7ཚེས་31ཉིན་སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་གསར་པ་སྤྱོད་འགོ་ཚུགས་རྗེས། སྔར་ཡོད་ཀྱི་སྨན་བཅོས་འགན་བཅོལ་གཱ་ཚང་མ་སྤྱོད་མཚམས་འཇོག་རྒྱུ་དང་། འགན་བཅོལ་ནང་ཞུགས་མཁན་གྱིས་སྤྱི་ཚོགས་འགན་སྲུང་གཱ་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར། གློག་རྡུལ་སྨན་བཅོས་འགན་བཅོལ་གྱི་དཔང་འཛིན་བཅས་འཁྱེར་ནས་ནད་བརྟག་སྨན་བཅོས་བྱེད་ཆོག སྤྱི་ཚོགས་འགན་སྲུང་གཱ་གཉེར་མེད་པ་ཚོས་ལྗོངས་ཡོངས་ཀྱི་གཱ་འཕྲལ་མར་གཉེར་སའི་ས་ཚིགས་156ལ་བསྐྱོད་ནས་སྤྱི་ཚོགས་འགན་སྲུང་གཱ་གཉེར་དགོས།

    གསུམ། མ་ལག་བརྗེ་སྒྱུར་བྱེད་རིང་སྤྱི་ཚོགས་འགན་སྲུང་ལས་སྒོ་ཚང་མ་གནས་སྐབས་གཉེར་མཚམས་འཇོག་རྒྱུ་དང་། འགན་བཅོལ་ནང་ཞུགས་མཁན་ཚན་པ་ཁག་དང་མི་སྣས་2021ལོའི་ཟླ་7ཚེས་10ཉིན་གོང་། ཁོངས་གཏོགས་ཀྱི་སྤྱི་ཚོགས་འགན་སྲུང་སྡེ་ཚན་དུ་འབྲེལ་ཡོད་ལས་སྒོ་གཉེར་བར་བསྐྱོད་ཆོག དུས་བཅད་ལས་ཡོལ་ན་ཟླ་རྗེས་མར་མུ་མཐུད་གཉེར་ཆོག

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།