དབུ་ཤོག
  • སྨན་རིན་རྩིས་ཞུའི་ཐད་ཀྱི་མི་དམངས་སྨན་ཁང་གི་བརྡ་ཁྱབ་གལ་ཆེན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-07-06

    སྨན་བཅོས་འགན་སྲུང་ཆ་འཕྲིན་མ་ལག་གནས་སྐབས་སྤྱོད་མཚམས་འཇོག་རྒྱུའི་སྐོར་གྱི་བརྡ་ཁྱབ།

    རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི《ལྗོངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་ཀྱི་མ་ལག་བརྗེ་སྒྱུར་རིང་གི་ལས་སྒྲུབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དང《རྒྱལ་ཁབ་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་དྲ་ཐོག་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》བཀོད་སྒྲིག་གཞིར་བཟུང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་བོད་ལྗོངས་ལས་སྟེགས་2021ལོའི་ཟླ་7ཚེས་31ཉིན་དངོས་སུ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་དང་། དེ་གོང་མ་ལག་གནས་སྐབས་སྤྱོད་མཚམས་འཇོག་རྒྱུ་ཡིན་པས། འབྲེལ་ཡོད་དོན་ཚན་ཁྱབ་བསྒྲགས་བྱ་རྒྱུ་གཤམ་གསལ།

    གཅིག བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་བཅོས་འགན་སྲུང་ཆ་འཕྲིན་མ་ལག་སྤྱོད་མཚམས་འཇོག་པའི་དུས་ཚོད། 2021ལོའི་ཟླ་7ཚེས་10ཉིན་གྱི་ཆུ་ཚོད་0ནས་2021ལོའི་ཟླ་7ཚེས་31ཉིན་གྱི་ཆུ་ཚོད་24བར(གཅིག་གྱུར་ཐོག་བརྗེ་བའི་དུས་ཚོད)ཡིན།

    གཉིས། བརྗེ་སྒྱུར་བྱེད་རིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་ལས་སྒོ་གནས་སྐབས་སྤྱོད་མཚམས་འཇོག་རྒྱུ་དང་། འགན་བཅོལ་ནང་ཞུགས་མཁན་ཚོས་སྨན་བཅོས་འགན་སྲུང་མ་ལག་ནས་སྨན་རིན་རྩིས་ཞུ་བྱེད་མི་ཐུབ།

    གསུམ། 2021ལོའི་ཟླ་7ཚེས་10ཉིན་གྱི་ཆུ་ཚོད་00∶00གོང་སྨན་ཁང་ནས་དོན་པའི་འགྲོ་ལུགས་གཉེར་དགོས་པ་རྣམས་ཀྱིས་གང་མགྱོགས་གཉེར་དགོས།

    བཞི། 2021ལོའི་ཟླ་7ཚེས་10ཉིན་གྱི་ཆུ་ཚོད་00∶00རྗེས། ད་དུང་སྨན་ཁང་དུ་སྡོད་མཁན་ནད་པ་ཚོས་མ་ལག་གསར་པ་སྤྱོད་འགོ་ཚུགས་རྗེས་སྨན་ཁང་དུ་སྡོད་པའི་ཐོ་འགོད་དང་། སྨན་རིན་གོང་ཞུ། སྨན་རིན་རྩིས་ཞུ་སོགས་ཀྱི་འབྲེལ་ཡོད་ལས་སྒོ་ཡང་བསྐྱར་གཉེར་དགོས།

    ལྔ།2021ལོའི་ཟླ་7ཚེས་10ཉིན་གྱི་ཆུ་ཚོད་00∶00རྗེས། ངེད་སྨན་ཁང་དུ་བསྡད་ནས་2021ལོའི་ཟླ་7ཚེས་31ཉིན་གྱི་ཆུ་ཚོད་24∶00ཡི་གོང་སྨན་ཁང་ནས་དོན་མཁན་ཚོས་སྨན་རིན་སྔོན་ནས་དངུལ་སྨར་སྤྲོད་དགོས། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚོས་འབྲེལ་ཡོད་ཀྱི་སྤ་སེ་ཉར་ནས་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་སླར་གསོ་བྱས་རྗེས་འགན་སྲུང་གཱ་ལྷ་ས་ནས་ཡིན་ཚེ། འབྲེལ་ཡོད་སྤ་སེ་ཁྱེར་ཏེ་ངེད་སྨན་ཁང་གི་ནད་ཁང་པུའུ་རུ་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུའི་འབྲེལ་ཡོད་ལས་སྒོ་གསབ་གཉེར་བྱེད་པར་འགྲོ་དགོས་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱི་སྡོད་གནས་ལྷ་ས་ནས་མིན་ཚེ། ནད་པས་འབྲེལ་ཡོད་སྤ་སེ་འཁྱེར་ཏེ་འགན་བཅོལ་ཞུགས་སའི་ཚན་པར་བསྐྱོད་ནས་གཏན་འབེབས་བཞིན་རྩིས་ཞུ་བྱེད་དགོས།

    དྲུག མ་ལག་གནས་སྐབས་མཚམས་འཇོག་བྱེད་རིང་། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་པའི་སྨན་རིན་དངུལ་སྨར་ནས་སྔ་རྟིང་གཏོང་དགོས་པ་དང་། འགྲོ་ལུགས་གཉེར་དགོས་པའི་ནད་པས་བརྟག་དཔྱད་བྱས་འབྲས་དང་འབྲེལ་ཡོད་སྤ་སེ་ཁྱེར་ནས་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་སླར་གསོ་བྱུང་རྗེས་གཏན་འབེབས་བཞིན་ལས་སྒོ་གཉེར་དགོས།

    སྟབས་མི་བདེ་བ་བྱུང་ཚེ་དེ་དོན་དགོངས་འཇགས་འཚལ།

    ཆེད་དུ་བརྡ་ཁྱབ་འདི་བཏང་།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས།

    2021ལོའི་ཟླ་7ཚེས་2ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།