དབུ་ཤོག>གསར་འགྱུར།
  • བློ་སེམས་གཅིག་མཐུན་ཏང་ལ་ཕྱོགས། ཕུགས་བསམ་དད་སེམས་བརྟན་པོ་བཙུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-01

    ཟླ་6ཚེས་29ཉིན་གྱི་སྔ་དྲོ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་གཟེངས་རྟགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་གཅིག་སྡུད་ལྟ་ཉན་བྱས་ནས་མིག་དཔེའི་སྟོབས་ཤུགས་ཉམས་སུ་མྱངས་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ཏེ་དད་སེམས་བརྟན་དུ་གཏོང་བ་དང་། དམིགས་ཡུལ་ལག་ལེན་བསྟར་བ། འབད་འཐབ་ཀྱིས་ལེགས་སྐྱེས་འབུལ་བ་བཅས་ཡིན། སླད་ཕྱིན་གྱི་ལས་དོན་ཁྲོད་མིག་དཔེ་སྟོབས་ཤུགས་སུ་བརྩིས་ཏེ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་རྒྱུ་དང་བླ་ན་མེད་པའི་ཕུགས་བསམ་ཆེད་འབད་འཐབ་བྱེད་པའི་ལག་ལེན་མདུན་ཕྱོགས་སུ་རྒྱུན་ཆད་མེད་པར་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད།

    “དད་སེམས་བརྟན་དུ་གཏོང་བ་ནི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་སྙིང་སྟོབས་མི་ཉམས་པ་མཐའ་འཁྱོངས་ཀྱིས་སྙིང་རུས་ཆེ་ཞིང་འགྱུར་བ་མེད་པའི་ཕུགས་བསམ་དད་སེམས་དང་ཏང་དང་མི་དམངས་ལ་བློ་དཀར་གྱི་སེམས་པ་བཅངས་ནས་ཏང་དང་མི་དམངས་ལ་བཅངས་པའི་ལྷག་བསམ་རྣམ་དག་དང་དགའ་ཞེན་སེམས་ལ་བརྟན་པོར་ངེས་པ་དང་བྱ་སྤྱོད་དུ་འཁྱོལ་བ་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་རང་ཉིད་ཀྱི་ཐམས་ཅད་དང་ཐ་ན་རྩ་ཆེའི་ཚེ་སྲོག་སྐྱེས་སུ་འབུལ་བ་དང་ཏང་གི་ཕུགས་བསམ་དང་དད་སེམས་ཆེད་སྙིང་རུས་ཆེན་པོས་འབད་འཐབ་དང་འབད་འབུངས་ལྷོད་མེད་བྱེད་པ་དེ་ཡིན། སེམས་ལ་དད་སེམས་ཡོད་ན་གདེང་ཚོད་དེ་བས་ཆེ། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་མར་ཁེ་སི་རིང་ལུགས་ལ་དད་པ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་འཆང་བ་དེ་ཚེ་གང་གི་དོན་གཉེར་དུ་བརྩི་བ་དང་། ནམ་ཡང་ཏང་ལ་ཡིད་ཆེས་དང་། ཏང་ལ་དགའ་ཞེན། ཏང་གི་ཆེད་བཅས་བྱེད་པ། རང་རང་སོ་སོའི་ལས་གནས་སུ་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་ནས་བླ་ན་མེད་པའི་ཕུགས་བསམ་གྱི་ཆེད་དུ་འབད་འཐབ་བྱེད་པའི་ལག་ལེན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་རང་ལྗོངས་ཀྱི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་མི་རེ་རེའི་སེམས་ལ་སེམས་འགུལ་ཆེན་པོ་ཐེབས།

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་མར་ལེ་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཀྲང་ཨའེ་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་ལ་ཏང་ཡོན་ཁྲི་9500ལྷག་ཙམ་ཡོད། ཕོན་ཆེན་གྱི་གྲངས་དེ་ལས་རང་རེའི་ཏང་གི་གཞི་རྒྱ་ཆེ་བ་མཚོན་པ་མ་ཟད། ད་དུང་རང་རེའི་ཏང་གི་གོང་བུ་འགྲིལ་ཤུགས་ཧ་ཅང་ཆེན་པོ་ཡོད་པ་ར་འཕྲོད་ཀྱང་ཐུབ་ཀྱི་ཡོད། མི་ཁྲི་9500ལྷག་ཙམ་ལས་གོང་འོག་གཅིག་མཐུན་གྱི་ཆབ་སྲིད་ཚོགས་པ་ཞིག་གྲུབ་པ་དེས་གཅིག་གྱུར་གྱི་འགོ་ཁྲིད་ལ་དང་ལེན་དང་། གཅིག་གྱུར་གྱི་རྩ་འཛིན་ལ་བརྩི་སྲུང་། གཅིག་གྱུར་གྱི་དམིགས་ཚད་ཕྱོཌ་སུ་མདུན་སྐྱོད་བཅས་བྱེད་བཞིན་ཡོད། དམ་ཞིང་ནན་པའི་རྩ་འཛུགས་དེ་བརྒྱུད་ནས་མཉམ་ཤུཌ་ཧ་ཅང་ཆེན་པོ་ཞིག་ཆཌ་པ་དང་། ཕུལ་བྱུང་ཤེས་ལྡན་པ་མང་ཤོས་དང་ཆེས་རྒྱ་ཁྱབ་ཀྱི་སྤྱི་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ཐུབ་པ་མ་ཟད། རླབས་ཆེན་གྱི་བྱས་རྗེས་གྲངས་ལས་འདས་པ་ཡང་བཞག་ཡོད། མཉམ་ཤུགས་དེ་ལྟ་བུ་ཆགས་དོན་ནི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་སྙིང་སྟོབས་མི་ཉམས་པ་མཐའ་འཁྱོངས་བྱས་ཏེ། ‘ཀྲུང་གོ་མི་དམངས་ལ་བདེ་སྐྱིད་གཏོད་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ’དེ་རང་འགན་དུ་བརྩི་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལེགས་སྐྱེས་འབུལ་བ་དང་རང་འགན་གཙང་སྒྲུབ་བྱ་རྒྱུ་དེ་མི་ཚེའི་དམིགས་ཚད་དུ་བརྩིས་ཏེ། དཀའ་ཉེན་ལ་མི་སྐྲག་པ་དང་། རང་སྲོག་བློས་གཏོང་ཕོད་པ། དཀའ་སྒྲུབ་དངོས་སྒྲུབ། དཔའ་ངར་ཞུམ་མེད་བཅས་ཀྱིས་གུང་ཁྲན་ཏང་མིའི་དཀའ་སྤྱད་བབ་ཆཌ་དང་སྤྱི་བསམ་སྒེར་བརྗེད་ཀྱི་གཟི་བརྗིད་སྲོལ་རྒྱུན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པས་རེད”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད་པ་རེད།

    ཧྭ་གློག་བོད་ལྗོངས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤ་དབྱི་ཡུང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། དཔེ་བཟང་ཚོར་སློབ་སྦྱོང་ཏན་ཏིག་བྱེད་པ་དང་། ཕུགས་བསམ་དང་དད་སེམས་ཚེ་གང་དོན་དུ་གཉེར་བ། ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ས་མཐོར་རྩ་བ་ཚུགས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་ལས་གནས་ལ་གཞི་ཚུགས་ནས་འབད་འཐབ་ལྷོད་མེད་བྱེད་པའི་བྱ་སྤྱོད་དངོས་ལ་སྒྱུར་བ། བློ་བརྟན་འགྱུར་མེད་ངང་བོད་ཀྱི་ཆུ་ཀླུང་འོད་གསུམ་སོགས་དྭངས་གཙང་ནུས་རྒྱུའི་ཐོན་ཁུངས་གསར་སྤེལ་མགྱོགས་པོ་བྱེད་པ། བློ་བརྟན་འགྱུར་མེད་ངང་ནུས་རྒྱུའི་རྩེར་སོན་ལས་གྲྭ་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་ནུས་རྒྱུར་བརྟེན་ནས་མི་སེར་ཁྲི་སྟོང་མང་པོར་བདེ་སྐྱིད་སྐྲུན་པ་བཅས་བྱས་ཏེ། “ཐཱན་ཚད་མཐོ་ཤོས”དང“ཐཱན་ཚད་སྙོམ་སྦྱོར”གྱི་དམིགས་ཚད་མངོན་འགྱུར་ལ་སྐུལ་འདེད་གཏོང་ཆེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ཧྭ་གློག་བོད་ལྗོངས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    “ལག་ཐོགས་ཁ་པར་ནས‘བདུན་གཅིག་བྱས་རྗེས་གཟེངས་རྟགས’སྤྲོད་པའི་མཛད་སྒོར་བལྟས་པ་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ལས་རང་ཉིད་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། དུས་མཚུངས་སུ་ང་ཚོར་ཐག་རིང་པོ་ཇི་འདྲར་སླེབས་ན་ཡང་ཐོག་མར་ཡོང་དུས་ཀྱི་ལམ་དེ་གཏན་ནས་བརྗེད་མི་རུང་བའི་བསླབ་བྱ་གནང་འདུག གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངས་ཞིང་འབྲོག་པའི་སྣེ་ཁྲིད་དེ་ཡུལ་བབ་དང་བསྟུན་ནས་ཐོན་ལས་སྣ་ཚོགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མུ་མཐུད་མང་དུ་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཚའེ་ཁྲའོ་ཧུའེ་ཡིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།