དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-23

    689060_yis_1624377600000_s.jpg

    འདི་ནི་རྒན་མོ་ཚེ་བརྟན་ལྷ་མོ་ཡིན་པ།

    689062_yis_1624377600000_s.jpg

    འདི་ནི་ཚེ་བརྟན་ལྷ་མོ་མ་བུ་ཡིན་པ།

    འདི་ལོ་ལོ་84སོན་པའི་ཚེ་བརྟན་ལྷ་མོ་ནི་ལྷོ་ཁ་གྲོང་ཁྱེར་ཡར་སྟོད་ཤང་ཆོས་སྡེ་འོག་གྲོང་ཚོ་ནས་རེད།

    ཞིང་བྲན་བྱེད་སྐབས་ཚེ་བརྟན་ལྷ་མོས་ལོ་གསར་དང་དུས་ཆེན་འཆར་སྐབས་ངལ་གསོ་རྒྱག་རྒྱུ་ལྟ་ཅི་ངལ་གསོ་ཞེས་པ་གོ་མྱོང་ཡང་མེད། “ངས་དེ་སྔོན་ཞིང་བྲན་བདག་པོར་ལས་ཀ་བྱེད་སྐབས་ལོ་འཁོར་མོར་ངལ་གསོ་རྒྱག་མྱོང་མེད”

    སྔར་སོང་ལ་ཕྱིན་དྲན་བྱེད་སྐབས་སྡུག་བསྔལ་བརྗོད་ཚར་རྒྱུ་མེད་ཅིང་། ཚེ་བརྟན་ལྷ་མོས་བརྗེད་དཀའ་ཤོས་ནི་ཁྲལ་སྐྱེལ་རྒྱུ་དེ་རེད། ཞིང་བྲན་བདག་པོའི་ས་ནས་ཞིང་ཁ་བོགས་མར་བླངས་ཏེ་རང་ཉིད་ཀྱིས་དཀའ་ལས་ཆེན་པོ་བརྒྱབ་ནས་ལོ་གཅིག་བཏབ་ཀྱང་ཐོན་འབབ་ཡག་པོ་མ་བྱུང་ཚེ་བོགས་ཁྲལ་སྐྱེལ་སྐབས་ཐོན་འབབ་ཆ་ཚང་སྐྱེལ་དགོས་པས་མཐར་སོན་ཡང་ལྷག་གི་མེད་པ་དང་ལོ་གཉིས་པར་དཔྱིད་རྨོད་བྱེད་སྐབས་ཡང་གང་སར་སོན་གཡར་བར་འགྲོ་རྒྱུ་ལས་མ་འདས།

    ལས་ཀ་རྫོགས་རྒྱུ་མེད་པ་བྱེད་དགོས་པའི་ཚེ་བརྟན་ལྷ་མོའི་ངོས་ནས་བརྗོད་ན། སྐབས་དེ་དུས་གྱོན་ཆས་གསར་པ་གྱོན་པ་དང་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་ནི་རྨི་ལམ་རང་རེད། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཡར་ལངས་ཞིང་བྲན་ལ་བཅིངས་འགྲོལ་ཐོབ་པ་དང་། ཚེ་བརྟན་ལྷ་མོར་ཞིང་ཁ་དང་ཁང་པ་བགོ་བཤའ་རག་སྟེ་དེ་སྔོན་བསམ་མི་ཕོད་པའི་དོན་དག་རྣམས་ད་ཆ་མངོན་སུམ་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།