དབུ་ཤོག>གསར་འགྱུར།
  • ཟླ་དང་པོ་ནས་ལྔ་པ་བར་ལྷ་སར་གསར་དུ་ཐོ་བཀོད་པའི་ཁྲོམ་རའི་བྱེད་པོ་ཁྲི་1ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-17

    ཉིན་ཤས་གོང་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་ལྷ་ས་གྲོང་ཁྱེར་དུ་གསར་དུ་ཐོ་བཀོད་པའི་ཁྲོམ་རའི་བྱེད་པོ་ཚོང་དུད་ཁྲི་1ལྷག་ཙམ་ཟིན་ནས་ཁྲོམ་རའི་བྱེད་པོའི་བསྡོམས་འབོར་བརྟན་པོའི་ངང་འཕར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འགན་ལེན་ཐུབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་ལྷ་ས་གྲོང་ཁྱེར་དུ་གསར་དུ་ཐོ་བཀོད་པའི་ཁྲོམ་རའི་བྱེད་པོའི་ཚོང་དུད་10981ཟིན་པ་དེ་དུས་མཚུངས་ལས་75.7%འཕར་བའི་ཁྲོད་ཁེ་ལས་3298དང་། ཁེར་རྐྱང་བཟོ་ཚོང་ཚོང་དུད་7658 ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་25བཅས་དུས་མཚུངས་ལས་53%དང་། 63% 8.7%བཅས་སོ་སོར་འཕར་ཡོད། གཞན་ཡང་། དྲ་ཐོག་ནས་ཐོ་འགོད་ལས་སྒོ་གཉེར་མཁན་ཚོང་དུད་2817ཟིན་པ་དང་། ཞིབ་དཔྱད་ཚད་གཞི་ལོན་ཚད་79%ཟིན་པ། གློག་རྡུལ་ལས་གཉེར་ལག་ཁྱེར་སྤྲད་པའི་ཚོང་དུད་ཁྲི་1ལྷག་ཙམ་ཟིན་པ། “དྲ་གཅིག་ཀུན་སྒྲུབ”ཀྱི་ཐོ་འགོད་ཁེ་ལས་40ཟིན་པ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།