
འདི་ནི་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་ཐོགས་མེད་གྲོང་ཚོའི་མང་ཚོགས་ཀྱིས་པད་ཞིང་ནང་རྩྭ་ངན་བཀོག་བཞིན་ཡོད་པ།
འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་སྔོན་ཚུད་ནས་གྲ་སྒྲིག་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། དཔྱིད་རྨོད་དཔྱིད་འདེབས་ཀྱི་ཐོན་སྐྱེད་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ཞིང་ལས་ཚན་རིག་མི་སྣ་ཞིང་ནང་དང་མུ་ཁར་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས་ཞིང་དུད་ལ་ངོ་ཐུག་གདོང་འཕྲད་ཀྱིས་ཞིང་ལས་ལོ་ཏོག་གི་ཞིང་ནང་གཡོག་བྱེད་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱས་ཤིང་། མིག་སྔར་ཐོན་སྐྱེད་ཁུལ་གྱི་ཞིང་ནང་གཡོག་བྱེད་ཚན་རིག་དང་མཐུན་པའི་སྒོ་ནས་དམིགས་སར་འབྱོར་བ་དང་ལོ་ཏོག་སྐྱེ་ཚུལ་ཡག་པོ་ཡོད་པས་ལོ་ཧྲིལ་པོའི་ཞིང་ལས་ལ་ཐོན་འཕར་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།