དབུ་ཤོག
  • འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་དང་གཙང་བཤེར་བྱེད་པའི་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-15

    འཕྲུལ་སྒུལ་འཁོར་རིགས་ཀྱིས་མི་འགྲུལ་ལམ་བུ(ལོང་བའི་ལམ)བཀག་ནས་འཇོག་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་དང་གཙང་བཤེར་བྱེད་པའི་སྐོར་གྱི་བརྡ་ཐོ།

    རྒྱ་ཆེའི་ཁ་ལོ་བ་དང་རླངས་འཁོར་གྱི་བདག་པོ་རྣམས་ལ་ཞུ་རྒྱུར།

    “མི་འགྲུལ་ལམ་དུ་མི་སྐྱོད་ཐུབ་པའི”རྩ་བའི་དམིགས་ཡུལ་འགྲུབ་པ་དང་། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོར་བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་བགྲོད། ཡ་རབས། ཞི་མཐུན་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་ཆེད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གྲོང་ཁྱེར་དོ་དམ་དང་གྲོང་རྣམ་གྲོང་དོན་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་འཛིན་གྱིས་མི་འགྲུལ་ལམ་བུ(ལོང་བའི་ལམ)བཀག་ནས་འཇོག་པའི་རླངས་འཁོར་ལ་གཅིག་སྡུད་ཐོག་བཅོས་སྒྲིག་དང་གཙང་སེལ་བྱ་རྒྱུ་ཡིན་པས། ཞིབ་ཕྲའི་ནང་དོན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ། 

    གཅིག འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་ཞིག་གིས་ཀྱང་མི་འགྲུལ་ལམ་བུ(ལོང་བའི་ལམ)འགོག་མི་ཆོག 

    གཉིས། ཟླ་6ཚེས་12ཉིན་ནས་ཟླ་6ཚེས་17ཉིན་བར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་དྲིལ་བསྒྲགས་སྐུལ་སློང་གི་དུས་མཚམས་སུ་བརྩིས་ནས། འཕྲུལ་སྒུལ་འཁོར་རིགས་ཀྱིས་མི་འགྲུལ་ལམ་བུ(ལོང་བའི་ལམ)བཀག་ནས་བཞག་པར། དྲིལ་བསྒྲགས་དང་། ཁ་ཏ་སློབ་གསོ། ཉེན་ཟོན་ཤོག་བྱང་སྦྱོར་བ་སོགས་བྱེད་ཀྱི་ཡིན།

    གསུམ། ཟླ་6ཚེས་18ཉིན་ནས་བཟུང་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་མཉམ་འབྲེལ་ཐོག་ཁྲིམས་འཛིན་གྱིས་ལམ་བཀག་ནས་ཚོང་རྒྱག་པ་དང་རླངས་འཁོར་འཇོག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་པ་དང་འདྲུད་འགྲོ་རྒྱུ་ཡིན། 

    བཞི། རྒྱ་ཆེའི་ཁ་ལོ་བ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོས་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་བྱེད་སྒོར་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཤར་བགྲོད་དང་། ཞི་མཐུན། དུས་བདེ་བཅས་ཀྱི་ལྷ་སའི་འགྲིམ་འགྲུལ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། 

    བརྡ་ཐོ་འདི་ཆེད་དུ་བཏང་བ་ཡིན།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས། 

    2021ལོའི་ཟླ་6ཚེས་12ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།