
ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་2021ལོའི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོས“ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཉུང་གཏོང་ལ་རམ་འདེགས་བྱེད་པ། གསར་གཏོད་ལ་བརྟེན་ནས་འབྲུ་རིགས་ཡག་པོ་མཁོ་སྤྲོད་ལ་འགན་ལེན་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་རང་ལྗོངས་ཀྱི་འབྲུ་རིགས་གྲབས་གསོག་དང་། འབྲུ་སྣུམ་ལས་སྣོན། སྤུས་ཚད་བདེ་འཇགས། འཚོ་བཅུད་བདེ་ཐང་སོགས་ཀྱི་ཁྱབ་ཁོངས་སུ་ཚན་རྩལ་གྱི་གྲུབ་འབྲས་གསར་པ་ཐོབ་པ་དྲིལ་བསྒྲགས་བྱས་ནས་འབྲུ་རིགས་ལ་གཅེས་སྤྲས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།