འདི་ནི་ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བཞིན་པ།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་བསམ་བློའི་ཚུགས་གནས་མཐོ་རུ་བཏང་སྟེ་དོན་དངོས་ལ་གཞི་ཚུགས་པ་དང་དྲང་སྲུང་གསར་གཏོད་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བས་ཕན་འབྲས་བཟང་པོ་ཐོན་ཡོད།