དབུ་ཤོག
  • རྫོང་རྒྱབ་ཀླུ་ཁང་དང་ཐང་ཆེན་དུ་སྐྱོད་མཁན་ཚོས་དོ་སྣང་གྱིས་དང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-06-03

    གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བར། རྫོང་རྒྱབ་ཀླུ་ཁང་ཤར་སྒོའི་མི་འགྲུལ་ལམ་བུ་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཤར་སྒོའི་མི་འགྲུལ་ལམ་བུ་འདི་གཉིས་ལམ་མདོ་དང་ཐག་ཉེ་བས།འགྲིམ་འགྲུལ་ལས་འཛོལ་ཐེངས་མང་ཐོན་ནས་འགྲོ་འོང་བྱེད་མཁན་ལ་རྨས་སྐྱོན་ཕོག་ཡོད། འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྔར་བས་ལེགས་སུ་བཏང་སྟེ། འགྲུལ་པ་གཞུང་ལམ་སྒྲོལ་སྐབས་བདེ་འཇགས་ཡོང་བ་དང་། རྒྱ་ཆེའི་གྲོང་མིའི་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་རྒྱུ་སྔོན་འགོག་དང་ཉུང་དུ་གཏོང་བ་བཅས་བྱ་ཆེད། ཟླ་6ཚེས་1ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་མི་འགྲུལ་ལམ་བུ་འདི་གཉིས་དངོས་སུ་བཀག་པ་མ་ཟད། གཞུང་ལམ་གཡས་གཡོན་གྱི་བརྡ་གཏོང་གློག་སྒྲོན་ཡང་མེད་པར་བཟོས་པ་རེད།

    རྫོང་རྒྱབ་ཀླུ་ཁང་ཤར་སྒོའི་མི་འགྲུལ་ལམ།

    རྫོང་རྒྱབ་ཀླུ་ཁང་ཤར་སྒོའི་མི་འགྲུལ་ལམ་བུ་བཀག་རྗེས། གྲོང་མིས་ཉེ་འཁོར་གྱི་སྤྲིན་ཟམ་ནས་སྐྱོད་ཆོག་པས། འགྲོ་སྐྱོད་བདེ་རུ་སོང་བ་དང་ཆབས་ཅིག ལམ་འདིར་འཁོར་རིགས་འགག་པའི་གནས་ཚུལ་ཡང་ཇེ་ལེགས་སུ་སོང་བས། གྲོང་མི་མི་ཉུང་བའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། 

    རྫོང་རྒྱབ་ཀླུ་ཁང་གི་ཤར་སྒོའི་གནས་ཚུལ་དང་འདྲ་བར། ལྷ་སའི་བརྒྱ་ཟོག་ཚོང་ཁང་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཤར་སྒོའི་མི་འགྲུལ་ལམ་བུའང་བཀག་པས། གྲོང་མིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ལྷོ་ངོས་ཀྱི་གཡུ་ཐོག་ལམ་མདོའི་མི་འགྲུལ་ལམ་ནས་སྐྱོད་ཆོག་གི་ཡོད།

    22222.jpg

    ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཤར་སྒོའི་མི་འགྲུལ་ལམ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།