དབུ་ཤོག>གསར་འགྱུར།
  • དམངས་སྤྱོད་མཁའ་འགྲུལ་གྱི་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-06-01

     ཟླ་5ཚེས་28ཉིན། དམངས་སྤྱོད་མཁའ་འགྲུལ་གྱི་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་གི་དམངས་སྤྱོད་མཁའ་འགྲུལ་གྱི་བོད་སྐྱོར་ལས་དོན་གྱི་ཕན་འབྲས་ལ་ཕྱོགས་སྡོམ་ཞིབ་ཕྲ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་དམངས་སྤྱོད་མཁའ་འགྲུལ་གྱི་བོད་སྐྱོར་ལས་དོན་གྱི་སྤྱིའི་བསམ་ཕྱོགས་དང་ལས་དོན་གཙོ་བོ་ཁ་གསལ་བཟོས་པ་རེད། ཚོགས་འདུ་གྲོལ་རྗེས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང《བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་དངོས་སུ་མིང་རྟགས་བཀོད་ཅིང་། དེའི་ནང་སྐྱེལ་འདྲེན་གནམ་ཐང་གི་བཀོད་པ་ལེགས་སུ་གཏོང་བ་དང་། རིག་ནུས་དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཁའ་ཐོག་དོ་དམ་གྱི་འགན་ལེན་ནུས་པ་ཆེར་གཏོང་སོགས་ཕྱོགས་16གི་ནང་དོན་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་མིག་སྔའི་བར་དུ་བདེ་འཇགས་འཕུར་སྐྱོད་ལོ་56དང་མཁའ་ཟོན་བདེ་འཇགས་ལོ་56བྱས་ནས་འཛམ་གླིང་གི་དམངས་སྤྱོད་མཁའ་འགྲུལ་ས་མཐོའི་བདེ་འཇགས་འཕུར་སྐྱོད་ཀྱི་དཔེ་མཚོན་དུ་གྱུར་ཡོད། ལྷ་ས་གོང་དཀར་གནམ་ཐང་གཙོ་བོར་བྱེད་པ་དང་ལྗོངས་ནང་ཁུལ་གྱི་གནམ་ཐང་གཞན་དག་འདེགས་སྐྱོར་དུ་བྱས་ནས་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་གཙོ་བོ་དང་བོད་སྐྱོར་ཞིང་ཆེན་ཁག་ལ་ཁྱབ་པའི་མཁའ་ལམ་དྲ་བ་ཞིག་རགས་ཙམ་བསྐྲུན་ཡོད། དུས་མཚམས་རྗེས་མར། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། འོས་འཚམ་སྔོན་ཐོན་གྱི་རྩ་དོན་གཞིར་བཟུང་གནམ་ཐང་གི་བཀོད་པ་འཐུས་སྒོ་ཚང་དུ་བཏང་སྟེ་ཆ་རྐྱེན་འཛོམས་པའི་གནམ་ཐང་གི་རྣམ་གྲངས་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་སུ་འཇུག་རྒྱུ་དང་། སྤུས་ཚད་མཐོ་པོས་རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་ལེཌ་སྒྲུབ་བྱེད་རྒྱུ། “མཁའ་ཐོག་དོ་དམ་གྱི་ནུས་ཆེན་བཞིའི”འཛུགས་སྐྲུན་ལ་བརྟེན་ནས་བོད་ལྗོངས་མཁའ་ཐོག་དོ་དམ་གྱི་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།