ལོ་མང་རིང་བོད་ཀྱིས་སྔ་བར་ཕྱི་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཁུལ་གལ་ཆེན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས། བོད་ལ་ཡོད་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་རིགས་125དང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་དང་སྐྱེ་ཁམས་མ་ལག་གལ་ཆེན་རིགས་39ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། ད་ཆ་བོད་དུ་འཁྱགས་རོམ་དང་། སྤང་ལྗོངས། ཆུ་ཕྲན་བཅས་སྔར་ཡོད་ཇི་བཞིན་སླར་གསོ་བྱུང་སྟེ། རི་སྐྱེས་སྲོག་ཆགས་རྣམས་གང་དགའ་གང་སྐྱིད་དུ་རྩྭ་ཆུར་རོལ་བཞིན་ཡོད་ལ་འཛམ་གླིང་སྐྱེ་ཁམས་ཁོར་ཡུག་གི་ས་ཁུལ་ཡག་ཤོས་ཀྱི་གྲས་སུ་གྱུར་ཡོད།